- sA la parni
- ID:
- T245942
- སཱ་ལ་པརྣི (Tibetan, Tibetan script, Original)
- > sA la parni (Tibetan, Latin script, Transliteration-THL Extended Wylie Transliteration)
- > sala pani(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལེགས་སྦྱར་སྐད་ཀྱི་སྤོས་དཀར་ཤིང་གི་ལོ་མའི་མིང་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན། སྤོས་ཀྱི་ལོ་མ་ཞེས་འགྱུར་ཏེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། སཱ་ལ་པརྣི་ནི། བོད་སྐད་དུ་སྤོས་ཀྱི་ལོ་མ་ཞེས་འགྱུར་བས་ངོ་བོ་ནི་སྤོས་དཀར་གྱི་ལོ་མ་སྟེ། འདིའི་སྡོང་པོ་ཤིན་ཏུ་ཆེ་བས་གསུང་རབ་རྣམས་སུ་མཐོ་བའི་ཚད་རྒྱལ་རིགས་ཀྱི་ཤིང་སཱ་ལ་ཆེན་པོ་ལྟ་བུ་གསུངས་པའང་འདིའོ། ཞེས་གསུངས་པ་ལྟར་རོ།།
- language:
- Tibetan