Skip to main content Skip to search
si tu sku phreng brgyad pa chos kyi 'byung gnas
ID:
T245951
  • སི་ཏུ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་འབྱུང་གནས (Tibetan, Tibetan script, Original)
    • > si tu sku phreng brgyad pa chos kyi 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > situ ku treng gyepa chö kyi jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་གཉིས་པའི་ས་ཡོས་སྤྱི་ལོའི་ལོ་མཇུག་ཏུ་སྡེ་དགེ་ཨ་ལོ་གྲོང་དུ་སྐུ་འཁྲུངས་ཀྱང་། ཀརྨ་ཡེ་ཤེས་རྡོ་རྗེས་སི་ཏུ་ལྕགས་འབྲུག་ལོ་པ་ཨ་ལོར་འཁྲུངས། ཞེས་པའི་ལུང་ལྟར་ཡོངས་གྲགས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྤྱི་ལོ་༡༧༠༠ལོར་འཁྲུངས་པར་བཞེད། དགུང་ལོ་ལྔ་པའི་ཤིང་སྤྲེལ་ལོར་རྒྱལ་བ་ཀརྨ་པའི་ལུང་ལྟར་སི་ཏུའི་ཡང་སྲིད་ངོས་འཛིན། དགུང་ལོ་བདུན་པར་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱི་ཞལ་ནས་སི་ཏུ་བསྟན་པའི་ཉིན་བྱེད་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་མཚན་གསོལ། དེ་རྗེས་ཀརྨ་དགོན་དུ་ཡར་གདན་འདྲེན་ཞུ་གྲབས་སྐབས་སུ་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྐུ་བདག་གནང་སྟེ་མ་བཏང་། དགུང་ལོ་ཉེར་བརྒྱད་པའི་མེ་ལུག་ལོར་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་གནང་སྟེ་ཤར་དཔལ་སྤུངས་དགོན་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་གནང་། འདི་ཡན་གྱི་སི་ཏུ་ན་རིམ་རྣམས་ཀྱི་གདན་ས་ཀརྨ་དགོན་པ་ཡིན། དེ་ནས་བཟུང་སི་ཏུ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་དཔལ་སྤུངས་དགོན་པར་ཆགས་པ་རེད། རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ་༡༧༧༤ལོར་དགུང་ལོ་དོན་ལྔ་པར་སྐུ་གཤེགས།

language:
Tibetan