Skip to main content Skip to search
si tu sku phreng bcu pa pad+ma kun bzang
ID:
T245955
  • སི་ཏུ་སྐུ་ཕྲེང་བཅུ་པ་པདྨ་ཀུན་བཟང (Tibetan, Tibetan script, Original)
    • > si tu sku phreng bcu pa pad+ma kun bzang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > situ ku treng chupa pema kunzang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་བཞི་པའི་ཤིང་སྟག་ལོ་མཇུག་སྤྱི་ལོ་༡༨༥༤ལོར་བྱང་གནམ་མཚོའི་འགྲམ་ཏུ་སྐུ་འཁྲུངས། རྒྱལ་བ་ཀརྨ་པ་ཐེག་མཆོག་རྡོ་རྗེས་སི་ཏུའི་ཡང་སྲིད་ངོས་འཛིན། ཀརྨ་པ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་སི་ཏུ་རིམ་བྱོན་གྱི་སེང་ཁྲིར་མངའ་གསོལ། རྗེ་འདི་ནི་སྐབས་འགའ་སྐྱ་ཆས་གནང་ཞིང་ཆང་རག་བཞེས་པ་དང་། རྟ་རྒྱུག་རྩེད་མོ་སོགས་ལ་ཐུགས་དགྱེས་པའི་རྣམ་པ་སོགས་གྲུབ་ཐོབ་ཞིག་པོའི་སྤྱོད་པ་ལྟ་བུས་དུས་འདའ་བར་མཛད། འོན་ཀྱང་བུད་མེད་ལ་ཧ་ཅང་གི་ཐུགས་འཛེམས་གནང་བར་ཞིག་ཡིན། རབ་བྱུང་བཅོ་ལྔ་པའི་ཤིང་བྱ་སྤྱི་ལོ་༡༨༨༥ལོར་དགུང་ལོ་སོ་གཉིས་པར་སྐུ་གཤེགས།

language:
Tibetan