- si tu sku phreng dang po chos kyi rgyal mtshan
- ID:
- T245957
- སི་ཏུ་སྐུ་ཕྲེང་དང་པོ་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
- > si tu sku phreng dang po chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > situ ku treng dangpo chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་དྲུག་པའི་མེ་སྦྲུལ་སྤྱི་ལོ་༡༣༧༧ལོར་ཁམས་ཆབ་མདོ་ཀརྨ་དགོན་པའི་ཉེ་བསྐོར་དུ་འཁྲུངས། ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་གྱི་ནང་དུ་ཞུགས། ཆོས་རྗེ་དེ་བཞིན་གཤེགས་པའི་ཞལ་སློབ་གཙོ་བོར་ཞིག་གྱུར། རབ་བྱུང་བདུན་པའི་མེ་ཕག་སྤྱི་ལོ་༡༤༠༧ལོར་ཀརྨ་པ་དེ་བཞིན་གཤེགས་པའི་སྐུ་འཁོར་དུ་རྒྱ་ནག་ཏུ་ཕེབས། ཀྭན་ཏིང་ཏཱ་སི་ཏུ་ཞེས་པའི་མཚན་གནས་ཐོབ། རབ་བྱུང་བརྒྱད་པའི་ས་འབྲུག་སྤྱི་ལོ་༡༤༤༨ལོར་དགུང་ལོ་དོན་གཉིས་པར་སྐུ་གཤེགས།
- language:
- Tibetan