- si tu sku phreng drug pa mi pham phrin las rab brtan
- ID:
- T245958
- སི་ཏུ་སྐུ་ཕྲེང་དྲུག་པ་མི་ཕམ་ཕྲིན་ལས་རབ་བརྟན (Tibetan, Tibetan script, Original)
- > si tu sku phreng drug pa mi pham phrin las rab brtan (Tibetan, Latin script, Transliteration-THL Extended Wylie Transliteration)
- > situ ku treng drukpa mipam trinlé rabten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ་༡༦༣༥ལོར་སྡེ་དགེ་རྨེ་ཤོད་རྩིང་ཐོག་གྲོང་དུ་སྐུ་འཁྲུངས། ཀརྨ་པ་ཆོས་དབྱིངས་རྡོ་རྗེས་ངོས་འཛིན་གནང་། སྐབས་དེར་དབུས་གཙང་འཁྲུགས་པས་བོད་ཁམས་སྤྱི་ལ་དུས་ཟིང་ཆེར་ལངས། སྤྱི་ལོ་༡༦༤༢ལོར་དགའ་ལྡན་ཕོ་བྲང་བཙུགས། དེའི་ཕྱི་ལོར་རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་བྲོས་བྱོལ་ཕེབས་པར་ཐོས་རྗེས། དེའི་སྐུ་རྗེས་བསྙགས་ཏེ་གདན་ས་བར་པ་ནས་ཕྱག་མཛོད་ཀརྨ་བསམ་འགྲུབ་སོགས་སྐུ་འཁོར་ཧྲག་བསྡུས་ཀྱི་འཇང་ཡུལ་དུ་བྲོས་བྱོལ་ཕེབས་པའི་ལམ་བར་སྡེ་དགེར་གཏོད་སྐབས་ཨ་ལོ་དཔལ་འབྱོར་དགོན་དུ་གདན་ཞུས་ལྟར་ཕེབས། མ་འོངས་པར་ཡང་སྲིད་གནས་འདིར་འབྱོན་པའི་ལུང་བསྟན། དེ་ནས་འཇང་ཡུལ་དུ་བཞུགས་སྐབས་བཀའ་བསྟན་ཉམས་པ་ལ་ཐུགས་ཀྱིས་མ་བཟོད་ནས་སྐུ་ཚེའི་འདུ་བྱེད་བཏང་སྟེ། རྒྱ་ནག་རྒྱལ་པོ་ལྟ་བུ་སྟོབས་ཀྱི་དབང་བསྒྱུར་བ་ཞིག་གི་སྐྱེ་བར་བཞེས་ཏེ་བཀའ་བསྟན་ཉམས་གསོ་དགོས་པའི་གསོལ་བ་བཏབས་པར། རྒྱལ་བ་ཀརྨ་པའི་ཞལ་ནས། དེང་དུས་བསྟན་པ་རྣལ་མ་ནི་མི་ཡོང་། བསྟན་པའི་གཟུགས་བརྙན་ཙམ་ལ་དགོངས་ནས་དེ་ལྟ་བུའི་བསམ་པ་འཛིན་ན། ཁོ་བོ་དང་ཚེ་རབས་ཀུན་ཏུ་བྲལ་བའི་རྒྱུ་ཡིན་གསུངས་ཤིང་། བྱང་ཆུབ་སེམས་བསྐྱེད་དང་བཟོད་བསྒོམ་ཉམས་ལེན། དགོས་ཚུལ་གྱི་ཞ་ལགདམས་ལས་འགོང་མ་ནུས་པར། འོན་ཀྱང་བཀའ་བསྟན་ཉམས་པ་ལ་ཡང་ཐུགས་ཆདཔའི་རྣམ་པ་ལྟ་བུར་ཤིན་ཏུ་འཆོལ་བའི་སྤྱོད་པ་ཉིད་ཀིས་དུས་མདའ་བར་མཛད་ནས་བཞུགས་པའི་མཐར། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་༡༦༨༣ལོར་དགུང་ལོ་ལྔ་བཅུ་པར་རི་བོ་བྱ་རྐང་ནས་ལྷོ་ཕྱོགས་སུ་ཞག་བཅུ་བགྲོད་པའི་ས་ཆུ་ཤོ་ཧོ་ཟེར་བའི་ས་གནས་དེར་སྐུ་གཤེགས། ས་གནས་དེར་སྐུ་གདུང་གི་མཆོད་རྟེན་ཞིག་ཀྱང་བཞེངས་པར་གསལ།
- language:
- Tibetan