Skip to main content Skip to search
sung byang ma'i mkhas chen gsum
ID:
T246010
  • སུང་བྱང་མའི་མཁས་ཆེན་གསུམ (Tibetan, Tibetan script, Original)
    • > sung byang ma'i mkhas chen gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sung jang mé khé chen sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞེས་པ་ནི་སྙན་གྲགས་ཅན་གྱི་རི་མོ་མཁས་ཅན་ཏུང་ཡོན་དང་། ལི་ཁྲེང་། ཧྥང་ཁོན་གསུམ་ལ་ཟེར། ཏུང་ཡོན་གྱི་རི་མོའི་ཁྱད་ཆོས་ནི་ཚོན་མདངས་སྐྱ་ཞིང་འཇམ་ལ་རང་བཞིན་གྱི་ཉམས་སྣང་དང་བབ་ཆགས་ལ་དབེན་པའི་ཉམས་འགྱུར་ལྡན་ཡོད། ཧྥན་ཁོན་གྱི་རི་མོའི་ཁྱད་ཆོས་ནི་ཚོན་མདངས་གར་ཤས་ཆེ་ཞིང་། ཡུལ་ལྗོངས་ཀྱི་བཀོད་པ་བརྗིད་ཉམས་ལྡན་ལ། བྲག་རི་རྣམས་མཁྲེགས་ཤིང་རྩུབ་ཤས་ཆེ་བ། སྣག་བཅད་ཚོ་ལ་ཤུགས་ཆེ་བའི་ཉམས་འགྱུར་ལྡན་ཡོད། ལི་ཁྲེང་གི་རི་མོའི་ཁྱད་ཆོས་ནི་དཔའ་ཉམས་དོད་ལ་བརྗིད་ཆགས་པ། འགྱུར་ལྡོག་ཕུན་སུམ་ཚོགས་པ། སྣག་སྤྱོད་གསེར་དང་མཚུངས་པའི་ཉམས་འགྱུར་ལྡན་ཡོད་པ་བཅས་སོ།།

language:
Tibetan