Skip to main content Skip to search
sum mdo dgon
ID:
T246022
  • སུམ་མདོ་དགོན (Tibetan, Tibetan script, Original)
    • > sum mdo dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sum do gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རིག་འཛིན་བདེ་ཆེན་གླིང་ཞེས་ཀྱང་གྲགས། རབ་བྱུང་བཅོ་གཉིས་པའི་ཆུ་སྟག་སྤྱི་ལོ་༡༧༢༢ལོར་ལུང་བཟང་སྐུ་ཕྲེང་དང་པོ་བློ་བཟང་བསམ་གཏན་ནས་གསར་དུ་བཏབ།དེ་རྗེས་རིམ་བཞིན་ཅོ་ནེ་ཨ་མོ་རིན་པོ་ཆེ་དང་ཀིརྟི་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་སོགས་ནས་བསྒྱུར་བཅོས་བདག་སྐྱོང་མཛད་ལ། རབ་བྱུང་བཅུ་ལྔ་པའི་མེ་ཕོ་ཁྱི་སྤྱི་ལོ་༡༨༨༦ལོར་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ནས་བླ་ཐེམ་རི་ཁྲོད་དང་འབྲིང་བའི་སེར་ཚོགས་གཉིས་གཅིག་བསྡུ་བྱས་ཏེ་དགོན་འདི་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཁོངས་སུ་ཡོད།

language:
Tibetan