Skip to main content Skip to search
se rgod mo rigs
ID:
T246051
  • སེ་རྒོད་མོ་རིགས (Tibetan, Tibetan script, Original)
    • > se rgod mo rigs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sé gömo rik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཤིང་ཕུང་གི་མཐོ་ཚད་སྨི2~3ཙམ་ཟིན་པ། ངར་པ་ཅུང་ཟད་དྲང་ཞིང་ཤུན་པ་གསར་དུས་དམར་སྨུག་དང་རགས་ནས་སྐྱ་བོར་འགྱུར་བ། འབྲུམ་པ་ལྟ་བུའི་ཚེར་མས་ཁྱབ་ཅིང་རེག་མི་བཟོད་པ། ལོ་རྐང་ཐོག་ལོ་མ་གོང་མ་ལས་ཅུང་ཟད་སྒོར་བ་མཐར་སོག་ལེ་ཁ་ཅན་བདུན་ནམ་དགུ་རེ་སྒྲོ་དབྱིབས་སུ་སྐྱེ་བ། ཟླ་བ་5~6པར་མེ་ཏོག་དཀར་པོ་འདབ་མ་ཟླ་པ་ཟེའུ་འབྲུ་སེར་པོ་ཅན་འཆར་བ་དང་། ཟླ་བ་8~9པར་འབྲས་བུ་དམར་པོའམ་ཁམ་སྨུག་འོད་དང་ལྡན་པ་ཞིག་འདོགས་པ། སྨན་དུ་སྦྱར་བྱ་ནི་འབྲས་བུ་དང་། བར་ཤུན་ཏེ་ཟླ་8པའམ་འབྲས་བུ་སྨིན་དུས་བཏུ་བ་དང་། ཟླ་4པར་ཕྱིའི་པགས་པ་དོར་བའི་བར་ཤུན་བཤུས་ནས་སོ་སོར་སྐམ་ཆགས་ལེགས་པར་བྱ། རོ་ནུས། (1) འབྲས་བུ། རོ་མངར་བསྐ། ཞུ་རྗེས་བསིལ། རོ་སྐོར་ལས། སྙོམས་ལ་ཡིད་ཙམ་བསིལ་ཞེས་གསུངས། ནུས་པས་དུག་ཚད་སེལ་ཞིང་། ཟས་དུག་ཕོག་པར་ཕན། མཆིན་པ་དང་མཁྲིས་པའི་ཚད་པ་སེལ། རིམས་ཚད་རླུང་ལྡན་ལ་ཕན། (2) བར་ཤུན་རོ་ཁ། ཞུ་རྗེས་བསིལ། ནུས་པས་དུག་ནད་བྱེར་བ་སྡུད་ཅིང་ཆུ་སེར་གྱི་ནད་སེལ། ཡན་ལག་སྐྲངས་པ་དང་ན་བར་ཕན།

language:
Tibetan