Skip to main content Skip to search
se bu
ID:
T246054
  • སེ་བུ (Tibetan, Tibetan script, Original)
    • > se bu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sé bu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སིབ་བེའི་མིང་གི་རྣམ་གྲངས་ཤིག་སྟེ། སློབ་དཔོན་དཔའ་པོས་མཛད་པའི་ཡན་ལག་བརྒྱད་པ་ལས། འབྲུམ་རིགས་གྲངས་ལས་འདས་མོད་ཀྱང་། བསྡུས་ན་རིགས་ནི་དྲུག་དུ་འདུས། ཞེས་པའི་ཁོངས་སུ་མ་འདུས་པའི། སེ་བུ་ཞེས་པ་སེ་གེ་སྟེ། འདུ་བའི་དབང་གིས་རིགས་གཉིས་འབྱུང་། དེ་ཡིས་མི་འཆི་བཟློག་གིས་འཆི། མཇུག་རྒྱན་འོང་བས་གཟབ་པ་གཅེས། ཞེས་དང་། འབྲི་གུང་ཚེ་དབང་བརྟན་པའི་བེག་གེ་བཅོས་འཆི་བདག་ཞགས་གཅོད་ལས། སེ་བུ་སེ་གེ་སིབ་བེའི་མིང་། ཞེས་གསུངས་པ་ལྟ་བུའོ། །

language:
Tibetan