- seng ge sbal rgyab
- ID:
- T246072
- སེང་གེ་སྦལ་རྒྱབ (Tibetan, Tibetan script, Original)
- > seng ge sbal rgyab (Tibetan, Latin script, Transliteration-THL Extended Wylie Transliteration)
- > sengé bal gyab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དབྱིབས་འདྲ་བ་ལ་བལྟོས་ནས་བཏགས་པའི་སྔོ་ག་བུར་ཏིས་ལོའི་མིང་གི་རྣམ་གྲངས་ཤིག་སྟེ། མན་ངག་འཁྲུངས་དཔེ་ལས། སྔོ་ག་བུར་ཏིས་ལོ་ཞེས་བྱ་བ། ཁ་སྟོད་གཡའ་དང་སྲིབ་ལས་སྐྱེ། རྩ་བ་ནག་པོ་ཆུན་པོར་འབྲེལ། ལོ་མ་གཅན་གཟན་སྦར་སྡེར་འདྲ། སྡོང་པོ་མེ་ཏོག་ར་དུག་འདྲ། རོ་ནི་ཁ་ལ་ནུས་པ་བསིལ། ཁྱི་དུག་སྤྱང་བརྒྱལ་ཞེས་ཀྱང་བྱ། སེང་གེ་སྦར་མོ་བྱ་བ་ཡིན། གློ་ཚད་ནད་ལ་བདུད་རྩི་ཡིན། ཞེས་གསུངས་པ་ལྟར་རོ།
- language:
- Tibetan