- seng go mi chen
- ID:
- T246078
- སེང་གོ་མི་ཆེན (Tibetan, Tibetan script, Original)
- > seng go mi chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > seng gomi chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་རྒྱལ་གནས་རི་སྲོང་བཙན་གྱི་བློན་པོ། འདི་ཉིད་ཀྱིས་དམག་དཔོན་་བྱས་ཏེ་དྭགས་པོ་ངོ་ལོག་པ་སླར་ཡང་བཙན་པོའི་མངའ་འབངས་སུ་བཀུག། དེའི་དུས་སུ་མི་རྣམས་ཀྱི་ཁ་ལ། སེང་གོ་མི་ཆེན་གྱིས། དྭགས་ཡུལ་བསེན་མཁར་དུ། མདུང་གཡུག་ཐེངས་གཅིག་ལ། འབྲོག་དུད་ཐང་གང་ཐོབ་ཅེབ་པའི་གཏམ་བྱུང་། སེང་གོ་མི་ཆེན་དཔའ་བའི་ཕུལ་དུ་གྱུར་ནས་ཉི་མ་གཅིག་ལ་དྭགས་པོ་མི་བརྒྱ་བསད་ཅེས་གྲགས། རྒྱལ་པོས་མི་ཆེན་གྱི་བྱ་དགར་གསེར་ཁུང་རེའུ་རྒལ་གྱི་མི་དང་། འབྲོག་ཕྱུགས་བཅས་གནང་།
- language:
- Tibetan
2. Thupten Phuntsok Dictionary
བོད་རྒྱལ་གནམ་རི་སྲོང་བཙན་གྱི་བློན་པོ། འདི་ཉིད་ཀྱིས་དམག་དཔོན་བྱས་ཏེ་དྭགས་པོ་ངོ་ལོག་པ་སླར་བཙན་པོའི་མངའ་འབངས་སུ་བཀུག དེའི་དུས་སུ་མི་རྣམས་ཀྱི་ཁ་ལ། སེང་གོ་མི་ཆེན་གྱིས། དྭགས་ཡུལ་བསེན་མཁར་དུ། མདུང་གཡུག་ཐེངས་གཅིག་ལ། འབྲོག་དུད་ཐང་གང་ཐོབ་ཅེས་པའི་གཏམ་བྱུང་། སེང་གོ་མི་ཆེན་དཔའ་བའི་ཕུལ་དུ་གྱུར་ནས་ཉི་མ་གཅིག་ལ་དྭགས་པོ་མི་བརྒྱད་བསད་ཅེས་གྲགས། རྒྱལ་པོས་མི་ཆེན་གྱི་བྱ་དགར་གསེར་ཁུང་རེའུ་རྒལ་གྱི་མི་དང་། འབྲོག་ཕྱུགས་བཅས་གནང་།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་སྐུ་འཁྲུངས་ཤིང་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བློན་པོ་ཡིན། ཁོང་གིས་དྭགས་པོ་ལ་དམག་དྲངས་ནས་དྭགས་པོ་ཡོངས་རྫོགས་རྒྱལ་པོ་གནམ་རི་སྲོང་བཙན་གྱི་མངའ་ཞབས་སུ་ཚུད་པ་མཛད་ཅིང་ “མདུང་མོ་ཐབས་གཅིག་གིས། འབྲོག་མོ་ཐང་གང་ཐོབ།” ཅེས་པའི་དཔེ་དེ་བྱུང་། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཁོང་ལ་གསེར་ཁུར་རེའུ་རྒལ་གྱི་མི་དང་འབྲོག་ཕྱུགས་བཅས་བྱ་དགའ་གནང་ངོ་། །
- language:
- Tibetan