- seng ldeng mar khu
- ID:
- T246081
- སེང་ལྡེང་མར་ཁུ (Tibetan, Tibetan script, Original)
- > seng ldeng mar khu (Tibetan, Latin script, Transliteration-THL Extended Wylie Transliteration)
- > sengdeng markhu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སེང་ལྡེང་ཤིང་གི་གཞོག་ཕྱེ་བ་དམར་ཟལ་གྱི་མར་ཁུའི་ནང་བཙོས་ཤིང་གྲང་བར་གྱུར་པ་སླར་ཆུར་བཙོས་ནས་བཏོན་པའི་མར་ཁུའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། བདུན་པ་སེང་ལྡེང་མར་ཁུ་ཞེས་བྱ། སེང་ལྡེང་གཞོག་ཕྱེ་དེ་ཕྱེད་ཤུག་པ་དང་། ལུག་དང་གླ་བ་གོང་མོ་རི་བོང་རིལ། སྔ་མའི་ཕྱེད་ཕྱེད་དམར་ཟལ་བ་མར་བཙོ། གོང་བཞིན་བྱས་པའི་མར་ཁུས་དྲེག་གྲུམ་དང་། རྨ་འབྲས་སུརྻ་རྩ་དཀར་ཚ་ཤས་ཅན། གཟའ་རྐང་འབམ་ལྤགས་ནད་འཕྲུག་དང་། ཆུ་སེར་ཚ་བའི་ནད་རིགས་འཇོམས་པའི་མཆོག་ཅེས་གསུངས་པ་ལྟར་རོ།།
- language:
- Tibetan