- sems byung zhe drug
- ID:
- T246134
- སེམས་བྱུང་ཞེ་དྲུག (Tibetan, Tibetan script, Original)
- > sems byung zhe drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > semjung shyé druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཚོར་འདུ་སེམས་པ་རེག་ཡིད་བྱེད། འདུན་མོས་དྲན་ཏིང་བློ་གྲོས་ཏེ། སེམས་ཀྱི་ས་མང་བཅུ་ཞེས་ཟེར། དད་སྦྱངས་བག་ཡོད་བཏང་སྙོམས་དང་། ངོ་ཚ་ཁྲེལ་ཡོད་དགེ་རྩ་གཉིས། མི་འཚོ་བརྩོན་འགྲུས་དགེ་བ་བཅུ། རྨོངས་རྨུགས་བག་མེད་ལེ་ལོ་རྒོད། མ་དད་ཉོན་མོངས་ཆེན་པོ་དྲུག། ངོ་ཚ་ཁྲེལ་མེད་མི་དགེ་གཉིས། འཁོན་འཛིན་ཁྲོ་འཚིག་ཕྲག་དོག་འཚེ། སེར་སྣ་རྒྱགས་འཆབ་གཡོ་དང་སྒྱུ། ཉོན་མོངས་ཆུང་ངུའི་ས་པ་བཅུ། གཉིད་འགྱོད་རྟོག་དཔྱོད་ཁོང་ཁྲོ་ཆགས། ང་རྒྱལ་ཐེ་ཚོམ་མ་ངེས་བརྒྱད། ཅེས་པའི་སྡོམ་ཚིག་ལྟར་རོ། ཡང་ན། དབང་པོ་དོན་ལྔ་རྣམ་རིག་བྱེད་མིན་གཟིགས། ཚོགས་དྲུག་སེམས་དང་དགེ་བའི་ས་མང་བཅུ། ཉོན་མོངས་ས་དྲུག་མི་དགེའི་ས་པ་གཉིས། ཆུང་ངུའི་ས་བཅུ་མ་ངེས་ས་པ་བརྒྱད་དོ།
- language:
- Tibetan
2. Thupten Phuntsok Dictionary
ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདུན་མོས་དྲན་ཏིང་བློ་གྲོས་ཏེ། །སེམས་ཀྱི་ས་མང་བཅུ་ཞེས་ཟེར། །དད་སྦྱངས་བག་ཡོད་བཏང་སྙོམས་དང་། །ངོ་ཚ་ཁྲེལ་ཡོད་དགེ་རྩ་གཉིས། །མི་འཚེ་བརྩོན་འགྲུས་དགེ་བ་བཅུ། ། རྨོངས་རྨུགས་བག་མེད་ལེ་ལོ་རྒོད། །མ་དད་ཉོན་མོངས་ཆེན་པོ་དྲུག ངོ་ཚ་ཁྲེལ་མེད་མི་དགེ་གཉིས། །འཁོར་འཛིན་ཁྲོ་འཚིག་ཕྲག་དོག་འཚེ། །སེར་སྣ་རྒྱགས་འཆབ་གཡོ་དང་སྒྱུ། །ཉོན་མོངས་ཆུང་ངུའི་ས་པ་བཅུ། །གཉིད་འགྱོད་རྟོག་དཔྱོད་ཁོང་ཁྲོ་ཆགས། །ང་རྒྱལ་ཐེ་ཚོམ་མ་ངེས་བརྒྱད། །ཅེས་པའི་སྡོམ་ཚིག་ལྟར་རོ། །ཡང་ན། དབང་པོ་དོན་ལྔ་རྣམ་རིག་བྱེད་མིན་གཟིགས། །ཚོགས་དྲུག་སེམས་དང་དགེ་བའི་ས་མང་བཅུ། ཉོན་མོངས་ས་དྲུག་མི་དགེའི་ས་པ་གཉིས། །ཆུང་ངུའི་ས་བཅུ་མ་ངེས་པ་བརྒྱད་དོ། །
- language:
- Tibetan