Skip to main content Skip to search
ser sngags mkhan zur nam mkha' bstan skyong
ID:
T246150
  • སེར་སྔགས་མཁན་ཟུར་ནམ་མཁའ་བསྟན་སྐྱོང (Tibetan, Tibetan script, Original)
    • > ser sngags mkhan zur nam mkha' bstan skyong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ser ngak khen zur namkha ten kyong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་འཕན་པོ་ཐང་ཤར་པའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་ས་ལུག་(༡༧༩༩)ལོར་འཁྲུངས། ཆུང་དུས་ནས་སེ་རར་ཆོས་ཞུགས་མཛད། དགུང་ལོ་ཞེ་བརྒྱད་སྐབས་གཙང་དངུལ་ཆུར་ལན་གཉིས་ཙམ་ཕེབས་ནས་རྩ་ བའི་བླ་མ་ངྷརྨ་བྷ་དྲ་དང་། ཁོང་གི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་གཉིས་ཀྱི་ཞབས་སུ་གཏུགས་ནས་ཆོས་མང་དུ་གསན། སེ་ར་སྔགས་པ་གྲྭ་ཚང་གི་མཁན་པོ་ཡུན་རིང་གནང་། དགུང་ལོམ་རེ་བརྒྱད་སྐབས་ཀུན་རིག་འོདན་ཆོག་དང་། སྦྱོར་བའི་ཆོས་དྲུག་གི་འདོན་སྒྲིག་གསར་སྒྲིག་གནང་། 《ཀུན་རིག་རི་གི་རྡུལ་ཚོན་དང་འབྲེལ་སྐབས་དེ་ཉིད་ཆབ་འདྲེན་གྱི་ཚེ་ཀླུ་ཆོག་བྱ་ཚུལ་ཕན་བདེའི་མཆོག་སྦྱིན་》ཞེས་པ་དང་། 《བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ངག་འོདད་ཆུ་བབས་སུ་བཀོད་པ་》《དཔའ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་མངོན་དཀྱིལ་ཆོག་བསྒྲིགས་འཁྲུལ་བྲལ་མཁན་གྲུབ་ཞལ་ལུང་》《བདེ་མཆོག་དྲིལ་བུ་ལྷ་ལྔའི་ལས་རུང་གི་བསྙེན་པ་ཇི་ལྟར་བྱ་ཚུལ་གྱི་ཡི་གེ་གནད་ཀྱི་དོན་གསལ་སོགས་བཀའ་རྩོམ་པོད་ཆེ་བ་གཅིག་ཙམ་མཛད། སྐུ་གཤེགས་པའི་ལོ་དུས་ཁ་གསལ་མ་རྙེད།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་འཕན་པོ་ཐང་ཤར་པའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་ས་ལུག༡༧༩༩ལོར་འཁྲུངས། ཆུང་དུས་ནས་སེར་ར་ཆོས་ཞུགས་མཛད། དགུང་ལོ་ཞེ་བརྒྱད་སྐབས་གཙང་དངུལ་ཆུར་ལན་གཉིས་ཙམ་ཕེབས་ནས་རྩ་བའི་བླ་མ་དྷརྨ་བྷ་དྲ་དང་། ཁོང་གི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་གཉིས་ཀྱི་ཞབས་སུ་གཏུགས་ནས་ཆོས་མང་དུ་གསན། སེ་ར་སྔགས་གྲྭ་ཚང་གི་མཁན་པོ་ཡུན་རིང་གནང་། དགུང་ལོ་རེ་བརྒྱད་སྐབས་ཀུན་རིག་འདོན་ཆོག་དང་། སྦྱོར་བའི་ཆོས་དྲུག་གི་འདོན་སྒྲིག་གསར་སྒྲིག་གནང་།ཀུན་རིག་རྡུལ་ཚོན་དང་འབྲེལ་སྐབས་དེ་ཉིད་ཆབ་འདྲེན་གྱི་ཚེ་ཀླུ་ཆོག་བྱ་ཚུལ་ཕན་བདེའི་མཆོག་སྦྱིན》ཞེས་པ་དང་། བྱང་ཆུབ་ལམ་རིམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ངག་འདོན་ཆུ་བབས་སུ་བཀོད་པ》 དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་མངོན་དཀྱིལ་ཆོག་བསྒྲིགས་འཁྲུལ་བྲལ་མཁས་གྲུབ་ཞལ་ལུང》 བདེ་མཆོག་དྲིལ་བུ་ལྷ་ལྔའི་ལས་རུང་གི་བསྙེན་པ་ཇི་ལྟར་བྱ་ཚུལ་གྱི་ཡི་གེ་གནད་ཀྱི་དོན་གསལ་སོགས་བཀའ་རྩོམ་པོད་ཆེ་བ་གཅིག་ཙམ་མཛད། སྐུ་གཤེགས་པའི་ལོ་དུས་ཁ་གསལ་མ་རྙེད།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ 1799 ལོར་འཕན་པོ་ཐང་ཤར་པའི་རིགས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་ལ་ལེགས་པར་བསླབས། དགུང་ལོ་བཞི་བཅུ་ཞེ་བརྒྱད་པར་གཙང་དངུལ་ཆུར་ཕེབས་ཏེ་བླ་མ་དྷརྨ་བྷ་དྲ་དང་། དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་མུང་དུ་གསན། སེ་ར་སྔགས་པ་གྲྭ་ཚང་གི་མཁན་པོ་ཡུན་རིང་དུ་བཞུགས། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་རབ་བྱུང་བཅོ་ལྔ་པའི་ཐོག་མའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1861 ལོར《ཀུན་རིག་འདོན་ཆོག》དང་། 《སྦྱོར་བའི་ཆོས་དྲུག་གི་འདོན་བསྒྲིགས》 [1781] གསར་སྒྲིག་གནང་། ཁོང་གི་གསུང་རྩོམ་ནི《གསང་ཆེན་རྒྱུད་སྡེའི་ཡང་སྙིང་ཐུན་དྲུག་རྣལ་འབྱོར་གྱི་དམིགས་རིམ་གསལ་བར་བཀོད་པ་རྡོ་རྗེ་འཆང་བླ་མའི་ཞལ་ལུང》དང་། 《དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་མངོན་དཀྱིལ་ཆོག་བསྒྲིགས་འཁྲུལ་བྲལ་མཁས་གྲུབ་ཞལ་ལུང》བཅས་ཆོས་ཚན་ཉེར་གཅིག་ལོངས་པའི་པོད་གཅིག་བཞུགས་སོ། །

language:
Tibetan