Skip to main content Skip to search
ser can 'bru
ID:
T246151
  • སེར་ཅན་འབྲུ (Tibetan, Tibetan script, Original)
    • > ser can 'bru (Tibetan, Latin script, Transliteration-THL Extended Wylie Transliteration)
    • > serchen dru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རླན་ཅན་གྱི་ཡུལ་ལས་བྱུང་བའི་འབྲུ་ལ་བཞེད་པ་ཞིག་དང་། འབྲུ་མ་སྨིན་པའམ་སྨིན་ཡང་རླན་ཆུ་བ་ལ་བཞེད་པ་ཞིག་དང་གཉིས་མཆིས་ཏེ། ཟླ་ཟེར་ལས། ཡུལ་སེར་ཅན་ལས་བྱུང་བའི་འབྲུ། ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། སེར་ཅན་གྱི་འབྲུ་ནི། ཡུལ་རླན་གཤེར་ཅན་ལས་སྐྱེས་པའི་འབྲུ་ལ་ཟེར་ཞིང་། དེའི་ནུས་པ་ལྕི་བས་བད་ཀན་གྱི་ནད་སྐྱེད་པ་ལ་དགོངས་པའོ། ཞེས་གསུངས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། སེར་ཅན་ནི་རླུང་གིས་བཏབ་སྟེ་མ་སྨིན་ཡང་རླན་ཆུ་ཆེ་བ་ལའོ།། ཞེས་གསུངས་པས་དཔྱད་པར་བྱའོ།།

language:
Tibetan