- ser po zab lag can
- ID:
- T246156
- སེར་པོ་ཟབ་ལག་ཅན (Tibetan, Tibetan script, Original)
- > ser po zab lag can (Tibetan, Latin script, Transliteration-THL Extended Wylie Transliteration)
- > serpo zab lakchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དཔེ་རྒྱན་གྱི་སྒོ་ནས་བཏགས་པའི་ཆུ་རྩའི་གབ་མིང་ཞིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། སེར་པོ་ཟབ་ལག་ཅན་ནི་ཆུ་རྩའི་གབ་མིང་སྟེ། ངེས་ཚིག་ནི་ཆུ་རྩ་བ་སེར་པོ་ས་འོག་གཏིང་ཟབ་སར་ཡལ་ག་ལག་པ་ལྟར་ཕྱོགས་ཀུན་ཏུ་གྱེས་པས་ན་དེ་ལྟར་མིང་བཏགས་པའོ། །ཞེས་གསུངས་པར་ལྟར་རོ།།
- language:
- Tibetan