- so pany+dza
- ID:
- T246209
- སོ་པཉྫ (Tibetan, Tibetan script, Original)
- > so pany+dza (Tibetan, Latin script, Transliteration-THL Extended Wylie Transliteration)
- > so panydza(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལེགས་སྦྱར་སྐད་ཀྱི་ན་ལེ་ཤམ་གྱི་མིང་ལ་སཽ་བྷཱཉྫ་ཞེས་ཟེར་བས་དེ་ཟུར་ཆག་པ་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན། མཛེས་པའི་མིག་སྨན་ཞེས་འགྱུར་བས་ངོ་བོ་ནི་ན་ལེ་ཤམ་གྱི་མིང་ངོ་ཞེས་དཔལ་སྤུངས་སི་ཏུས་འཆི་མེད་མཛོད་འགྲེལ་ལས་གསུངས་པ་དང་། འདིའི་མེ་ཏོག་ཤིན་ཏུ་མཛེས་ཏེ་མིག་ལ་སྨན་པ་ལྟར་གྱུར་པས་ན་མཛེས་པའི་མིག་སྨན་ཞེས་བཏགས་པ་ཡིན་ཞེས་རིན་སྤུངས་པ་ངག་དབང་འཇིགས་མེད་གྲགས་པས་མཛད་པའི་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་གསུངས།
- language:
- Tibetan