Skip to main content Skip to search
sran ma ril mo
ID:
T246295
  • སྲན་མ་རིལ་མོ (Tibetan, Tibetan script, Original)
    • > sran ma ril mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > senma rilmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ལྗོངས་ཡོངས་ཀྱི་▲སྨི་3700མན་གྱི་ཞིང་ཁུལ་ཕལ་མོ་ཆེར་འདེབས་པ་དང་ས་བོན་བཏབ་ནས་ལོ་དེར་སྨིན་པའི་གང་བུ་ཅན་གྱི་འབྲུ་སྡེའི་སྲན་རིགས་ཏེ། སྨན་དུ་སྦྱར་བྱ་ནི་མེ་ཏོག་སྟེ། ཟླ་5~6པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། འབྲས་བུ་སྟོན་དུས་སྨིན་རྗེས་བསྡུ་བ་ཡིན། རོ་ནུས། མེ་ཏོག་རོ་མངར། ཞུ་རྗེས་སྙོམས། ནུས་པས་མཁལ་མའི་ནད་ལ་ཕན། ཁྲག་ཤོར་གཅོད། འབྲས་བུ་རོ་མངར་ཁ། ཞུ་རྗེས་ནུས་པ་མཆོག་ཏུ་བསིལ་ལ་ཡང་། རླུང་སྐྱེད་དུག་ནད་སྣོད་ལ་བྱེར་བ་སྡུད། མཁྲིས་པའི་ལག་ལེན་རྨ་དང་འབྲུམ་ནག་ཕན།

language:
Tibetan