- srid pa'i khams dmar
- ID:
- T246315
- སྲིད་པའི་ཁམས་དམར (Tibetan, Tibetan script, Original)
- > srid pa'i khams dmar (Tibetan, Latin script, Transliteration-THL Extended Wylie Transliteration)
- > sipé kham mar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་བྲག་ཞུན་གྱི་མིང་རྣམ་གྲངས་ཤིག་སྟེ། མི་ཡི་ཉི་མ་མཐོང་གི་དོན་ལྡན་གྱིས་མཛད་པའི་མ་ལ་ཡའི་དཀའ་འགྲེལ་ལས། འབྱུང་ཁུངས་བསྐལ་པའི་དང་པོ་ལ། ལྷ་བུ་ཡིད་བཞིན་ནོར་བུ་དེ། གངས་རི་ནགས་འདབ་མཚོ་འགྲམ་དང་། འགྱིང་བྲག་དཀར་པོའི་སྟེང་དུ་བྱོན། ལྷ་ཀླུ་སྡེ་བརྒྱད་བུ་མོ་མཐོང་། འགྱིང་འགྱུར་འཇོ་སྒེག་བྱད་ཀྱི་མདངས། ནུ་མའི་གར་དང་པད་མའི་འགྲོས། མཐོང་བས་ཡིད་གཡོས་སྐུ་ལ་འཁྱུད། ཞལ་གྱི་ལྗགས་གཞིབས་མོད་ལ་ནི། ཀུན་ནས་ཁམས་གཡོས་དཀར་དམར་ཤོར། དཀར་པོ་འགྱིང་བྲག་སྟེང་དུ་བབས། རྡོ་ལས་དྲོད་སྐྱེས་ཚིལ་བུར་ཆགས། མིང་ཡང་བདུད་རྩི་ཙོང་ཞི་ཟེར། དམར་པོ་ངོ་ཚ་བྲག་ལ་བྲོས། བྲག་ལས་དྲོད་སྐྱེས་བྲག་ཞུན་བྱུང་། དེ་ཕྱིར་སྲིད་པའི་ཁམས་དམར་ཟེར། ཞེས་གསུངས་པ་ལྟར་རོ།
- language:
- Tibetan