- srid pa'i byang sems dkar dmar
- ID:
- T246319
- སྲིད་པའི་བྱང་སེམས་དཀར་དམར (Tibetan, Tibetan script, Original)
- > srid pa'i byang sems dkar dmar (Tibetan, Latin script, Transliteration-THL Extended Wylie Transliteration)
- > sipé changsem kar mar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཅོང་ཞི་དང་མཚལ་རྒོད་གཉིས་ཀྱི་གབ་མིང་ཞིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། སྲིད་པའི་བྱང་སེམས་དཀར་དམར་ནི་ཅོང་ཞི་དང་མཚལ་རྒོད་གཉིས་ཀྱི་གབ་མིང་སྟེ། ངེས་ཚིག་ནི་སྔོན་ལྷ་བུ་ཡིད་བཞིན་ནོར་བུས་ལྷ་ཀླུ་བདེ་བརྒྱད་ཀྱི་བུ་མོ་ལ་རོལ་བ་ལས། བྱང་སེམས་དཀར་དམར་ས་ལ་ལྷུང་བས་རིམ་བཞིན་ཅོང་ཞི་དང་མཚལ་དུ་འགྱུར་བར་བཤད་པས་སོ། །ཞེས་གསུངས་པ་ལྟར་རོ།།
- language:
- Tibetan