- srin 'bu'i nad rigs dbye ba
- ID:
- T246345
- སྲིན་འབུའི་ནད་རིགས་དབྱེ་བ (Tibetan, Tibetan script, Original)
- > srin 'bu'i nad rigs dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > sin bü né rik yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ སྲིན་འབུའི་ནད་རིགས་ལ་དབྱེ་ན། ཕྱི་སྲིན་ཤིག་དང་སྲོ་མ་གཉིས། ནང་གི་སྲིན་ལ་བད་ཀན་སྲིན་དང་། རླུང་སྲིན་དང་། མཁྲིས་སྲིན། ཁྲག་སྲིན་བཅས་བཞི་ཡོད་པ་རེད། །དེ་ལའང་ནང་གསེས་ཀྱི་དབྱེ་ན། བད་ཀན་གྱི་སྲིན་བུ་དྲུ་བུ་ལྡོག་པ་འདྲ་བ་ཕོ་བ་ལ་གནས་པ། རླུང་སྲིན་ཐོར་མ་འདྲ་བ་ལོང་ན་གནས་པ། མཁྲིས་སྲིན་ཤ་བའི་སྤུའམ་ཁབ་རྩེ་འདྲ་བ་སོ་དང་། མིག་དང་། པགས་པ། གཞང་། མཚན་མ་བཅས་ལ་གནས་པ། ཁྲག་སྲིན་རྐང་པ་མེད་ཅིང་དམར་ལ་ཟླུམ་པ་དེའི་རིགས་ཁྲག་ལ་གནས་ཤིང་རྩའི་ནང་ནས་ཀུན་ཏུ་རྒྱུག་ལ་གཉན་ནད་ཀུན་གྱི་རྒྱུ་དང་། མཛེ་ནད་ཀྱི་རྒྱུ་ཡང་བྱེད་དོ། །ཀླད་སྲིན་ལ་ཡ་མ་དཀར་ནག་གཉིས་བཅས་ཡོད་པ་རེད། ༢ སྲིན་ནད་དེ་དག་སྤྱིའི་རྟགས་ལ། ཟས་དཀར་གྱི་རིགས་དང་། མངར་ཆའི་རིགས་མང་དྲགས་པ་དང་། ལུས་གྲང་བ་སོགས་ཀྱིས་ནད་ལྡང་བ། ལྟོ་བ་སྦོས་ལ་ལྡང་དུབ་ཆེ་བ་ཚིག་ཟ་བ། བྱེ་བྲག་ཏུ་ཕོ་སྲིན་དང་། ལོང་སྲིན། སོ་སྲིན། མིག་སྲིན། པགས་སྲིན། གཞང་སྲིན། མཚན་མའི་སྲིན་བཅས་སོ་སོའི་གནས་རྣམས་སུ་ན་ཟུག་དང་། ཟ་འཆར་ལངས་པ། རྨ་དོན་པ་བཅས་སོ། །ནད་རྟགས་ལ་ནད་སྟོབས་ཆེ་བ་ཡ་མ་ནག་པོ་ཁྲག་སྲིན་དང་། ནད་རྟགས་གྲང་ལ་ནད་སྟོབས་ཆུང་བ་ཡ་མ་དཀར་པོ་བད་སྲིན་གཉིས་དང་། གློག་ལྟར་འཁྲུག་ཅིང་ཀོར་ལེར་གཟེར་བ་ཡ་མ་ཁྲ་བོ་བཅས་སོ།། ༣ གཞན་ཡང་རྒྱུད་བཞིའི་ནང་དུ་མ་བཤད་པ། ཕྱིས་ཀྱི་སྨན་པ་རྣམས་ཀྱིས་ཉམས་ཡིག་ཟིན་ཏིག་སོགས་ལས་གནས་ཀྱི་སྒོ་ནས་དབྱེ་བའི་སྲིན་ནད་མང་ཙམ་ཕྱེས་ཡོད་པ་སྟེ། འགྲམ་སྲིན་དང་། མགོ་སྲིན་དང་། གདོང་སྲིན་དང་། རྨ་སྲིན་དང་། སྣ་སྲིད་དང་། སྲིན་བུ་དང་། རུས་སྲིན་སོགས་ལྟ་བུའོ། །རུས་སྲིན་ལ་དེང་དུས་ནུབ་ཕྱོགས་པའི་ལུགས་སུ་རུས་པའི་ཀན་སེ་ཟེར་བ་དེ་ངོས་འཛིན་བྱེད་པར་སྣང་།
- language:
- Tibetan