Skip to main content Skip to search
srog rtsa dkar po
ID:
T246400
  • སྲོག་རྩ་དཀར་པོ (Tibetan, Tibetan script, Original)
    • > srog rtsa dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > soktsa karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་དང་མདོག་ལ་བལྟོས་ནས་བཏགས་པའི་ཀླད་པ་ནས་གཞུག་གུ་ཆུང་གི་བར་གྱི་སྒལ་རུས་ཀྱི་སྦུབས་སུ་གནས་པའི་རྒྱུངས་པའི་མིང་སྟེ། ཕྲག་དབོན་བསོད་ནམས་བཀྲ་ཤིས་ཀྱིས་མཛད་པའི་ལུས་ཐིག་ཤེལ་དཀར་མེ་ལོང་ལས། ཀླད་པའི་རྗེ་ཞབས་མན་དང་གཞུག་ཆུང་ཡན། སྒལ་རུས་སྦུབས་སུ་གནས་པའི་རྒྱུངས་པ་དེ། ཀླད་པ་དང་འབྲེལ་སྲོག་གནས་རྩ་བྱེད་ཅིང་། ནད་དུ་མདོག་དཀར་སྲོག་རྩ་དཀར་པོ་བཤད། དེ་ལས་གྱེས་པའི་རྩ་དཀར་ཕྲ་མོ་ཡིས། སྟོད་སྨད་ཕྱི་ནང་ཀུན་ཏུ་ཁྱབ་པར་གནས། དབང་པོ་ཡུལ་ལ་འཆར་བར་བྱེད་པ་དང་། ཡུལ་ལྔའི་རྣམ་ཤེས་བདག་ཏུ་འཛིན་པར་བྱེད། ཅེས་གསུངས་པ་ལྟར་རོ།།

language:
Tibetan