Skip to main content Skip to search
srog rlung nad
ID:
T246403
  • སྲོག་རླུང་ནད (Tibetan, Tibetan script, Original)
    • > srog rlung nad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sok lung né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རླུང་སྲོག་འཛིན་གྱིས་ལོག་པའི་ལས་བྱས་ནས་སྲོག་རྩ་དཀར་པོའི་ཆ་ཤས་ལ་གནོད་པར་བྱེད་པའི་ནད་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། ནང་ཚེགས་རླུང་ནད་རྣམ་ལྔ་ནད་གྱུར་རྟགས། སྲོག་རླུང་ཟས་རྩུབ་རྨྱུང་དང་དྲག་ཤུལ་ལས། ཤུགས་བཀག་བཙིར་བས་འཁྲུགས་ཏེ་མགོ་བོ་འཁོར། སྙིང་འཕྱོས་དབུགས་སྡུད་དཀའ་ཞིང་མིད་མི་ཐུབ། ཅེས་དང་། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། སྲོག་རླུང་ནད་ཅེས་སྲོག་འཛིན་རླུང་འཁྲུགས་ནས། ཡིད་མི་བདེ་ཞིང་འཇིགས་སྐྲགས་སེམས་ལ་འཆར། རྨི་ལམ་ཟང་ཟིང་མང་ལ་གཉིད་ཆུང་ཞིང་། ལུས་འདར་རྡུལ་མང་ཤེས་པ་འཕྱོས་པ་དང་། མགོ་གང་ཤེས་པ་འཕྱོས་པ་དང་། མགོ་འཁོར་དབུགས་སྡུད་དཀའ་ཞིང་མིད་མི་ཐུབ། ནད་ཚབས་ཆེ་ན་བརྒྱལ་ཞིང་སྨྱོ་བའང་འབྱུང་། ཞེས་གསུངས་པ་ལྟར་རོ།།

language:
Tibetan