Skip to main content Skip to search
srong btsan sgam po'i 'khrungs khang
ID:
T246407
  • སྲོང་བཙན་སྒམ་པོའི་འཁྲུངས་ཁང (Tibetan, Tibetan script, Original)
    • > srong btsan sgam po'i 'khrungs khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > songtsen gampö trungkhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

“ཕོ་བྲང་བྱམས་པ་མི་འགྱུར་གླིང་”ཞེས་ལོ་རྒྱུས་དེབ་ཐེར་མང་ཆེ་བར། བོད་ལྗོངས་མལ་གྲོ་གུང་དཀར་རྗོང་ཁོངས་རྒྱ་མ་ཁྲི་ཁང་དུ་གྱང་ཤུལ་ཞིག་ཡོད་པ་དེ་ཡིན་པར་ངོས་འཛིན་བྱེད་པ་དང་། ཡང་ཁུལ་དེའི་མང་ཚོགས་ཀྱི་ཤོད་རྒྱུན་དུ་ཁྲི་ཁང་གི་ནུབ་ངོས་རི་འདབས་ས་དེ་སྔོན་གྱི་དགོན་ཤུལ་ཡོད་སའི་ས་གནས་དེར་ཆོས་ཁང་དམར་པོ་ཟེར་བ་ཞིག་འདུས་པ་དེར་སྲོང་བཙན་འཁྲུངས་པ་རེད་ཅེས་ཟེར་སྲོལ་ཡང་འདུག་སྤྱིར་སྲོང་བཙན་འཁྲུངས་ཡུལ་སྣོན་རྒྱ་མའི་ཡུལ་ནི་དབུས་རི་བར་སྐོར་དུ་གྲགས་པའི་ནཔང་ཚན་རི་བོ་གྲགས་ཅན་མང་པོ་ཡོད་པའི་ནང་གི་རི་བོ་མཎྜ་ཞེས་པའི་འདབས་སུ་ཆགས་ཡོད་པ་དང་། ཡུལ་དེར་རྩ་ཆུ་ཤིང་གསུམ་འཛོམས་ཤིང་གཅན་གཟན་རི་དྭགས་བྱ་རིགས་སྣ་ཚོགས་རྩི་ཤིང་མེ་ཏོག་གི་ཁྲོད་དུ་ཉམས་དགའ་བར་བརྩེན་པའི་གནས་ཡིན།

language:
Tibetan

2. Thupten Phuntsok Dictionary

ཕོ་བྲང་བྱམས་པ་མི་འགྱུར་གླིང་ཞེས་ལོ་རྒྱུས་དེབ་ཐེར་མང་ཆེ་བར། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཁོངས་རྒྱ་མ་ཁྲི་ཁང་དུ་གྱང་ཤུལ་ཞིག་ཡོད་པ་དེ་ཡིན་པར་ངོས་འཛིན་བྱེད་པ་དང་། ཡང་ཁུལ་དེའི་མང་ཚོགས་ཀྱི་ཤོད་རྒྱུན་དུ་ཁྲི་ཁང་གི་ནུབ་ངོས་རི་འདབས་སུ་དེ་སྔོན་གྱི་དགོན་ཤུལ་ཡོད་སའི་ས་གནས་དེར་ཆོས་ཁང་དམར་པོ་ཟེར་བ་ཞིག་འདུག་པ་དེར་སྲོང་བཙན་འཁྲུངས་པ་རེད་ཅེས་ཟེར་སྲོལ་ཡང་འདུག སྤྱིར་སྲོང་བཙན་འཁྲུངས་ཡུལ་སྣོན་རྒྱ་མའི་ཡུལ་ནི་དབུས་རི་བར་སྐོར་དུ་གྲགས་པའི་ནང་ཚན་རི་བོ་གྲགས་ཅན་མང་པོ་ཡོད་པའི་ནང་གི་རི་བོ་མཎྜལ་ཞེས་པའི་འདབས་སུ་ཆགས་ཡོད་པ་དང་། ཡུལ་དེར་རྩྭ་ཆུ་ཤིང་གསུམ་འཛོམས་ཤིང་གཅན་གཟན་རི་དྭགས་བྱ་རིགས་སྣ་ཚོགས་རྩི་ཤིང་མེ་ཏོག་གི་ཁྲོད་དུ་ཉམས་དགའ་བར་བརྩེན་པའི་གནས་ཡིན།

language:
Tibetan