- sle lung blo bzang 'phrin las
- ID:
- T246427
- སླེ་ལུང་བློ་བཟང་འཕྲིན་ལས (Tibetan, Tibetan script, Original)
- > sle lung blo bzang 'phrin las (Tibetan, Latin script, Transliteration-THL Extended Wylie Transliteration)
- > lé lung lo zang trinlé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་ལྷོ་ཁ་ཟངས་རི་གཙང་སྣ་དཀར་པོ་ཞེས་པར་ཡབ་ཀུན་དགའ་རྒྱལ་པོ་དང་ཡུམ་རྒྱལ་ཕུར་ཆོས་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང་(༡༦༩༧)ལེར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ལ་མཚན་དགོས་དགོས་ཚེ་རིང་ཞེས་བཏགས། དགུང་ལོ་དྲུག་གི་ཐོག་གོང་ས་ཆེན་པི་ཚངས་དབྱངས་རྒྱ་མཚོའི་དྲུང་དུ་དབུ་སྐྲ་གཙུག་ཕུད་འབུལ་བར་ལྷ་སར་བྱོན། གོང་ས་མཆོག་གི་སྐུ་ཚབ་མདུན་དབུ་སྐྲ་ཕུད་ཕུལ་རྗེས་མཚན་བློ་བཟང་བསྟན་པ་གྲུབ་པའི་རྒྱལ་མཚན་དུ་འདོགས་པ་གནང་། དགུང་ལོ་བཅུ་གསུམ་སྐབས་གོང་ས་དྲུག་པ་ཆེན་པོ་ཆོས་འཁོར་རྒྱལ་དུ་ཆིབས་བསྒྱུར་སྐབས་འོས་དགར་ཞལ་འཇག་ནས། གསུམ་གང་འདོད་དུ་བྱུང་བས་ཤིན་ཏུ་སྐལ་བཟང་ཐོས། དགུང་ལོ་བཅུ་བཞིའི་ཐོག་གཙང་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་འཕྲིན་ལས་ཞེས་བསྕལ། མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། དེའི་ལོར་འོན་མངའ་རིས་གྲྭ་ཚང་གི་ཆོས་སྒོར་ཞུགས། རྗེ་ངག་དབང་ཆོས་གྲངས་བསྟེན་ནས་བསྡུས་གྲྭ་ནས་གཞུང་ལ་སློབ་གཉེར་མཛད། དགུང་ལོ་ཉི་ཤུའི་ཐོག་མཁན་པོ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་བསྙེན་རྫོངས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པའི་ཐོག་ལྷ་ས་ནས་སླེ་ལུང་རྣམ་གྲོལ་གླིང་དུ་ཕེབས་ཏེ་འདུས་སྡེ་གསར་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་གནང་། རྗེ་འདིས་ཞོགས་དོན་ཡོད་མཁས་གྲུབ་དང་ཕུར་ལྕོག་ངག་དབང་བྱམས་པ་སོགས་བླ་མ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་གསན། འཆད་རྩོད་རྩོམ་གསུམ་ལ་མཁས་པའི་མངའ་བརྙེས། སོག་པོ་ཇུན་གར་བའི་དུས་ཟིང་སྐབས་འོལ་དགའ་སོགས་ས་ཁུལ་ཁག་ལ་བྱོལ་ཐབས་ཀྱིས་ཕེབས། དེ་རྗེས་མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་དབུ་བླར་གྱུར་ནས་ང་ལུམ་སྦྱར་གསུམ་གྱི་དོན་གནས་སྐོར་རྒྱལ་དབང་སྐུ་ཕྲེང་བདུན་པའི་དྲུང་དུ་ཕེབས་ཏེ་མི་དབང་གི་མགྲིན་ཚབ་པ་གནང་། བཀའ་རྩོམ་ཡང་མང་པོ་མཛད་པ་སྟེ། 《དཔའ་འཁོར་ལོ་སྡོམ་པའི་ཟབ་དོན་འགའ་ཞིག་གནད་གྲོལ་བ་སྦས་དོན་ཡང་གསལ་ཉིན་བྱེད་》 《ལྷ་མཆོག་ཚངས་པ་ཆེན་པོའི་མདོས་ཀྱི་འཕྲིན་ལས་ཀྱི་ཆོ་ག་ཉིན་བྱེད་སྣང་བ་》 《བདེ་མཆོག་གི་ཆོ་ག་སྤྲོ་བསྡུའི་གསོལ་བྱེད་》 《དྲིས་ལན་ལྟ་བའི་མིག་ཡངས་》 《གསང་འཛིན་ལས་ཀྱི་རྡོ་རྗེར་གསོལ་འདེབས་སྨོན་ལམ་》 《རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གསུང་པར་རིན་པོ་ཆེ་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག་》《མཁའ་སྤྱོད་ཀྱི་གནས་ཡིག་དང་བྱིན་འབོབས་ལོ་རྒྱུས་》《ལེགས་ལྡན་ཚོགས་རྗེའི་ཟོར་གྱི་ལས་མཐའ་དང་དེའི་སྒྲུབ་ཐབས་》སོགས་པོད་བརྒྱད་ལྷག་ཡོད། དགུང་གྲངས་ལྔ་བཅུ་ལྷག་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་ལྷོ་ཁ་ཟངས་རི་གཙང་སྣ་དཀར་པོ་ཞེས་པར་ཡབ་ཀུན་དགའ་རྒྱལ་པོ་དང་ཡུམ་རྒྱས་ཕུར་ཆོས་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང༡༦༩༧ལོར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ལ་མཚན་དགོས་དགོས་ཚེ་རིང་ཞེས་བཏགས། དགུང་ལོ་དྲུག་གི་ཐོག་གོང་ས་ཆེན་པོ་ཚངས་དབྱངས་རྒྱ་མཚོའི་དྲུང་དུ་དབུ་སྐྲ་ཕུད་ཕུལ་རྗེས་མཚན་བློ་བཟང་བསྟན་པ་གྲུབ་པའི་རྒྱལ་མཚན་དུ་འདོགས་པ་གནང། དགུང་ལོ་བཅུ་གསུམ་སྐབས་གོང་ས་དྲུག་པ་ཆེན་པོ་ཆོས་འཁོར་རྒྱལ་དུ་ཆིབས་བསྒྱུར་སྐབས་འོས་དགར་ཞལ་མཇལ་ནས། གསུང་གང་འདོད་དུ་བྱུང་བས་ཤིན་ཏུ་སྐལ་བཟང་ཐོབ། དགུང་ལོ་བཅུ་བཞིར་གཙང་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་འཕྲིན་ལས་ཞེས་བརྩལ། བཀའ་རྩོམ་ཡང་མང་པོ་མཛད་པ་སྟེ། དཔལ་འཁོར་ལོ་སྡོམ་པའི་ཟབ་དོན་འགའ་ཞིག་གནད་གྲོལ་བ་སྦས་དོན་ཡང་གསལ་ཉིན་བྱེད》 ལྷ་མཆོག་ཚངས་པ་ཆེན་པོའི་མདོས་ཀྱི་འཕྲིན་ལས་ཀྱི་ཆོ་ག་ཉིན་བྱེད་སྣང་བ》 བདེ་མཆོག་གི་ཆོ་ག་སྤྲོ་བསྡུའི་གསོལ་བྱེད》 དྲིས་ལན་ལྟ་བའི་མིག་ཡངས》 གསང་འཛིན་ལས་ཀྱི་རྡོ་རྗེར་གསོལ་འདེབས་སྨོན་ལམ》 རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གསུང་པར་རིན་པོ་ཆེ་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག》 མཁའ་སྤྱོད་ཀྱི་གནས་ཡིག་དང་བྱིན་འབེབས་ལོ་རྒྱུས》ལེགས་ལྡན་ཚོགས་རྗེའི་ཟོར་གྱི་ལས་མཐའ་དང་དེའི་སྒྲུབ་ཐབས》སོགས་པོད་བརྒྱད་ལྷག་ཡོད། དགུང་གྲངས་ལྔ་བཅུ་ལྷག་བཞུགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ 1697 ལོར་ལྷོ་ཁ་ཟངས་རི་གཙང་སྣ་དཀར་པོར་ཡབ་ཀུན་དགའ་རྒྱལ་པོ་དང་། ཡུམ་རྒྱས་ཕུར་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་བཟང་བསྟན་པ་གྲུབ་པའི་རྒྱལ་མཚན་ཞེས་གནང་། དགུང་ལོ་བཅུ་གསུམ་པར་ཆོས་འཁོར་རྒྱལ་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་མཇལ་ཞིང་བཀའ་ཆོས་གང་འདོད་དུ་བྱུང་བས་ཤིན་ཏུ་བསྐལ་བཟང་ཐོབ། དགུང་ལོ་[1798]བཅུ་བཞི་པར་གཙང་དུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་འཕྲིན་ལས་ཞེས་གསོལ། ལོ་དེར་འོན་མངའ་རིས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ཆོས་རྗེ་ངག་དབང་ཆོས་གྲགས་ལ་བསྟེན་ཏེ་བསྡུས་གཞུང་ལ་སོགས་པའི་གཞུང་ཆེན་རྣམས་ལ་སློབ་གཉེར་མཛད། དགུང་ལོ་ཉི་ཤུ་ཐམ་པར་མཁན་པོ་ཡེ་ཤེས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་བཞི་བཅུ་ཞེ་གཅིག་པར་ལྷ་ས་ནས་སླེ་ལུང་རྣམ་གྲོལ་གླིང་དུ་ཕེབས་ཏེ་འདུས་སྡེ་གསར་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་གནང་། ཞོགས་དོན་ཡོད་མཁས་གྲུབ་དང་། ཕུར་ལྕོག་ངག་དབང་བྱམས་པ་སོགས་མཁས་གྲུབ་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། དེ་ནས་སོག་པོ་ཇུན་གར་དམག་གིས་དུས་ཟིང་བསླངས་བར་རྟེན་འོལ་དགའ་ས་ཁུལ་ཁག་ཏུ་བྲོས་བྱོལ་གྱི་ཚུལ་དུ་ཕེབས་ཏེ་བཞུགས་པ་མཛད། དེ་རྗེས་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་དབུ་བླར་གྱུར་ནས་ང་ཕོད་རྡོ་རྗེ་རྒྱལ་པོ་དང་། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ་གསུམ་གྱི་དོན་གནད་སྐོར་རྩེར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ཏེ་ཕོ་ལྷ་མི་དབང་མཆོག་གི་མགྲིན་ཚབ་པ་གནང་། སྐུ་ཚེ་སྨད་ཀྱི་རྣམ་ཐར་མཇལ་བའི་བསྐལ་བ་མ་ལྡན་པས་ཤིན་ཏུ་ཕངས་སོ། བླ་མ་གཞན་དག་ཁག་གི་རྣམ་ཐར་ལྟར་ན་ཁོང་དགུང་ལོ་ལྔ་བཅུ་རྩ་གྲངས་བཞུགས་པར་མངོན་འདུག ཁོང་གི་མཚན་གཞན་ལ་འོལ་དགའ་བློ་བཟང་འཕྲིན་ལས་ཞུ། ཁོང་གི་གསུང་[1799]རྩོམ་ནི་རྣམ་ཐར་དང་། སྒྲུབ་ཐབས། གསོ་ལ་འདེབས་བཅས་ཆོས་ཚན་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལོངས་པའི་པོ་ཏི་བརྒྱད་བཞུགས་སོ། །
- language:
- Tibetan