- slob gling khyad ldan ri mo
- ID:
- T246437
- སློབ་གླིང་ཁྱད་ལྡན་རི་མོ (Tibetan, Tibetan script, Original)
- > slob gling khyad ldan ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > lob ling khyeden rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་པ་ནི་རང་རྒྱལ་གྱི་ཐང་རྒྱལ་རབས་སྐབས་སུ་ལས་ཚན་དང་། དྲུང་གཏོགས་སོགས་ཀྱི་རི་མོ་བའི་གོ་མིང་བསྩལ་སྲོལ་ཡོད། རྒྱལ་རབས་ལྔའི་སྐབས་སུ་ཧྲུའུ་ནུབ་མ་དང་། ཐང་ལྷོ་མར་རི་མོའི་སློབ་གླིང་བཙུགས་ཡོད། སུང་རྒྱལ་རབས་སྐབས་སུ་ཧན་ལིན་རི་མོའི་སློབ་གླིང་བཙུགས་ཡོད་པ་དང་རི་མོ་བ་མཁས་ཅན་མང་པོ་གདན་དྲངས་ཏེ་གོང་མ་ཚང་ལ་ཞབས་འདེགས་ཞུ་རུ་འཇུག་གི་ཡོད། རྒྱལ་རབས་རིམ་བྱུང་གི་རི་མོའི་སློབ་གླིང་ནང་བྲིས་པའི་བརྗོད་བྱ་མང་ཆེ་བ་ནི་བྱ་དང་མེ་ཏོག་ངོ་མཚར་ཅན་དང་། རྩ་ཆེའི་སྲོག་ཆགས་ཀྱི་རིགས་ཡིན་ཞིང་རི་མོ་དེ་རིགས་ཀྱི་བཅད་དང་ཚོན་མདངས་ཞིབ་ཚགས་ལ་བཀྲག་མདངས་ཆེ་བ། བཀོད་སྒྲིག་དམ་ཞིང་ནན་པ་ད་དུང་འགའ་ཞིག་ལ་རྒྱན་རིས་ཀྱི་རང་བཞིན་ལྡན་པའི་རྣམ་པ་ཤུགས་ཆེན་ཡོད་སྟབས། རི་མོ་དེ་རིགས་ལ་"སློབ་གླིང་ཁྱད་ལྡན་རི་མོ་"ཞེས་ཟེར་སྲོལ་ཆགས།
- language:
- Tibetan