- slob gling grub mtha'
- ID:
- T246438
- སློབ་གླིང་གྲུབ་མཐའ (Tibetan, Tibetan script, Original)
- > slob gling grub mtha' (Tibetan, Latin script, Transliteration-THL Extended Wylie Transliteration)
- > lob ling drubta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་པ་ནི་ཡོ་རོབ་ཀྱི་མཛེས་རྩལ་སློབ་གླིང་གི་ཁུངས་དག་སྒྱུ་རྩལ་གྱི་གྲུབ་མཐའ་ཞིག་ཡིན། ཐོག་མར་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་དབྱི་ཐཱ་ལིའི་ཧྥུ་ལུན་ཡཱ་སློབ་གླིང་གྲུབ་མཐའ་ཞེས་པ་ནས་བྱུང་བ་དང་། དེ་རྗེས་དབྱིན་ཇི་དང་། ཧྥ་རན་སི། ཨུ་རུ་སུ་སོགས་སུ་དར་ཁྱབ་བྱུང་བ་ཞིག་ཡིན། གྲུབ་མཐའ་དེའི་རི་མོ་མཁས་པ་ཚོས་ནག་རིས་ལ་མཐོང་ཆེན་བྱེད་པ་དང་། རྒྱུད་རིམ་ལྡན་པའི་རྨང་གཞིའི་སྦྱོང་བརྡར་བྱེད་པ། ལག་རྩལ་གྱི་ཆུ་ཚད་མཐོ་བ། ཞིབ་ཅིང་ཕྲ་ལ་གྲལ་འགྲིགས་ཤིང་། གནད་ལ་འཁེལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེའི་ཚབ་བྱེད་མི་སྣ་ནི་ཧྥ་རན་སིའི་རླ་པུ་ལུང་དང་། ཨན་ཀའེར། མེ་སུའུ་ཉི་ཡ་སོགས་ཡིན།
- language:
- Tibetan