- slob dpon ye shes 'byung gnas
- ID:
- T246453
- སློབ་དཔོན་ཡེ་ཤེས་འབྱུང་གནས (Tibetan, Tibetan script, Original)
- > slob dpon ye shes 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > lobpön yeshe jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་བྱུང་བཞི་པའི་ས་ཁྱི་(༡༡༣༨)ལོ་ནས་རབ་བྱུང་ལྔ་པའི་ཤིང་ཁྱི་(༡༢༧༤)ལོའི་བར། ལོ་རྒྱུས་རྒྱས་པ་《ས་སྐྱའི་གདུང་རབས་རེན་བང་མཛོད་》ཀྱི་ཤོག་གྲངས་༡༤༣པར་གསལ།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་བཞི་པའི་ས་ཁྱི (༡༢༣༨)ལོར་ནས་རབ་བྱུང་ལྔ་པའི་ཤིང་ཁྱི (༡༢༧༤)ལོའི་བར། ལོ་རྒྱུས་རྒྱས་པས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》ཀྱི་ཤོག་གྲངས༡༤༣པར་གསལ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1238 ལོར་དཔལ་ལྡན་ས་སྐྱའི་བསམ་གླིང་དུ་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་བཙུན་མོ་ལྔ་པའི་ཉེ་གནས་མ་རྡོ་རྗེ་གདན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1274 ལོར་ལྗང་ཡུལ་དུ་སྐུ་གཤེགས་ཞེས་གཙང་བྱམས་པའི་གདུང་རབས་ལས་གསུངས། བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་སོགས་ལས་ཀྱང་དེ་ལྟར་གསུངས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གདུང་རབས་ལས་དགུང་ལོ་སོ་དྲུག་པར་མདོ་ཁམས་སེར་སྣར་སྐུ་གཤེགས་གསུངས་པས་དཔྱད་དགོས། ཁོང་སྐུ་གཞོན་ནུའི་དུས་ནས་ཤར་པ་ཤེས་རབ་འབྱུང་གནས་དང་། ཤར་པ་རྡོ་རྗེ་འོད་ཟེར་གཉིས་[1803]ཀྱི་དྲུང་དུ་དམ་པའི་ཆོས་ལ་སློབ་གཉེར་ལེགས་པར་མཛད། ཁོང་གི་བཞུགས་གནས་ཀྱང་དཔོན་ཆེན་ཤཱཀྱ་བཟང་པོས་ཤར་གླིང་བཞེངས། ཁམས་ཕྱོགས་སུ་འགྲོ་དོན་ཡོད་པ་དགོངས་ནས་ཕེབས་པས་རྒྱལ་པོ་ཧུ་དཀར་ཆེ་ཞེས་བྱ་བའི་བླ་མཆོད་སོགས་མཛད་ནས་བསྟན་འགྲོའི་བྱ་བ་མང་པོར་བསྒྲུབས་ནས་ཕྱོགས་དེར་ངན་ལས་འདའ་བའི་ཚུལ་བསྟན་ནོ། ཁོང་ནི་ཡོངས་སུ་གྲགས་པའི་ས་སྐྱའི་གདུང་བརྒྱུད་སྤེལ་བའི་བདག་པོ་མིན་ཀྱང་དྷརྨ་པ་ལ་རཀྵི་ཏའི་རིགས་སྲས་རནྟ་བྷ་དྲ་དགུང་ལོ་ལྔའི་སྟེང་ནས་སྐུ་གཤེགས་པའི་རྐྱེན་གྱིས་གདུང་བརྒྱུད་མེད་པ་ལྟ་བུར་གྱུར་བའི་སྐབས་སུ་ས་སྐྱའི་གདུང་བརྒྱུད་སྤེལ་བའི་བདག་པོར་མངའ་གསོལ་བ་ལས་བདག་ཉིད་ཆེན་པོ་བཟང་པོ་དཔལ་འཁྲུངས་སོ། །
- language:
- Tibetan