- gsang 'dus 'jam rdor
- ID:
- T246503
- གསང་འདུས་འཇམ་རྡོར (Tibetan, Tibetan script, Original)
- > gsang 'dus 'jam rdor (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangdü jam dor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སློབ་དཔོན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པའི་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ་ཡོད་པ་སྟེ། དབུས་སུ་འཇམ་དཔལ་རྡོ་རྗེ་ཡབ་ཡུམ། ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་གྲུབ། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ། ནུབ་བྱང་དུ་དྲི་རྡོ་རྗེ་མ། བྱང་ཤར་དུ་རོ་རྡོ་རྗེ་མ། ཤར་སྒོའི་གཡོན་དུ་རེག་བྱ་རྡོ་རྗེ་མ། གཡས་སུ་ཆོས་དབྱིངས་རྡོ་རྗེ་མ། ཤར་སྒོར་གཤིན་རྗེ་གཤེད། ལྷོ་སྒོར་ཤེས་རབ་མཐར་བྱེད། ནུབ་སྒོར་པདྨ་མཐར་བྱེད། བྱང་སྒོར་བགེགས་མཐར་བྱེད་བཅས་ནི་རྗེ་བཙུན་འཇམ་དཔལ་དབྱངས་གཙོ་བོར་བཞུགས་པའི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཏེ་ཞིབ་པརདཀྱིལ་ཆོག་རྡོ་རྗེ་ཕྲེང་བ》ནང་གསལ།
- language:
- Tibetan
2. Lokesh Chandra Tibetan-Sanskrit dictionary
- Sanskrit:
- gṛhyasamāja mañjuvajra