- gsang mdzod khang
- ID:
- T246538
- གསང་མཛོད་ཁང (Tibetan, Tibetan script, Original)
- > gsang mdzod khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangdzö khang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རིམ་བྱུང་ལོ་རྒྱུས་ཐོག་གི་གོང་མའི་ཕོ་བྲང་ནང་རྩ་ཆེའི་དཔེ་དེབ་ཉར་ཚགས་བྱེད་སའི་མཛོད་ཁང་ལ་ཟེར། ཧན་རྒྱལ་རབས་ནས་ཐང་རྒྱལ་རབས་བར་དུ་གོང་མའི་དྲུང་ཡིག་གིས་མཛོད་ཁང་དེ་བདག་ཉར་བྱེད་ཀྱི་ཡོད། སུང་རྒྱལ་རབས་ཀྱི་གོང་མ་ཐའེ་ཙུང་སྐབས་ཁྲུང་ཝུན་གླིང་གི་ནང་དུ་གསང་མཛོད་ཁང་བསྐྲུན་པ་དང་དེའི་ནང་ལོ་རྒྱུས་དང་ཆ་ལོ། མཁས་པའི་གསུང་འབུམ་ཕྱག་བསྟར་མ། རྩ་ཆེའི་རི་མོ་སོགས་བསྡུ་ཉར་བྱས་ཏེ། ཆེད་མངགས་བདག་གཉེར་བྱེད་མཁན་བཙུགས་ཡོད། ཧན་རྒྱལ་རབས་ཀྱི་དུས་མཇུག་སྐབས་ཏུང་ཀྲོའུ་ཡིས་སྲིད་དབང་འཕྲོག་པའི་བྱ་སྤྱོད་ལ་འགོག་རྒོལ་ཕོག་པའི་སྐབས་སུ་ཧན་རྒྱལ་རབས་སྐབས་བསྡུ་ཉར་བྱས་པའི་དཔེ་དེབ་དང་རི་མོ་རྣམས་རྩ་བའི་ཆ་ནས་རྩ་མེད་དུ་སོང་།
- language:
- Tibetan