Skip to main content Skip to search
gser tog blo bzang tshul khrims rgya mtsho
ID:
T246677
  • གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ (Tibetan, Tibetan script, Original)
    • > gser tog blo bzang tshul khrims rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ser tok lo zang tsultrim gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་མདོ་སྨད་ཅོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་ཡབ་རྟ་མགྲིན་དང་ཡུམ་ཚེ་མདོ་གཉིས་ཀྱི་སྲས་སུ་རབ་བྱུང་འཅུ་བཞི་པའི་ཤིང་སྤྲུལ་(༡༨༤༥)ལོར་འཁྲུངས། དགུང་ལོ་གསུམ་ཙམ་ལ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་བློ་བཟང་རྒྱ་མཚོ་ཞེས་གསོལ། དགུང་ལོ་ལྔ་ལ་གསེར་ཏོག་དགོན་དགའ་ལྡན་འགྲོ་ཕན་གླིང་དུ་གདན་དྲངས། རྗེ་སྐལ་བཟང་རྒྱ་མཚོའི་དྲུང་ནས་ཕྱི་མོའི་ཡི་གེ་སུམ་ཅུ་དང་ཉེར་མཁོའི་ཀློག་འདོན་གསན་བཞེས་མཛད། དགུང་ལོ་བདུན་ལ་ཆུ་བཟང་རིན་པོ་ཆེ་བློ་བཟང་ཐུབ་བསྟན་རབ་རྒྱས་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ནས་མཚན་བློ་བཟང་ཚུལ་ཁྲིམས་ཆོས་གྲགས་ཞེས་བསྩལ། ལོ་བརྒྱད་ཐོག་སྐུ་འབུམ་བྱམས་པ་གླིང་གི་རང་སྒར་དུ་གདན་དྲངས། དགུང་ལོ་དགུ་ནས་ཉེར་གཉིས་བར་ཉ་རྒྱ་ལྷ་རམས་པ་ངག་དབང་ཆོས་གྲངས་ཡོངས་འཛིན་དུ་བསྟེན་ནས་སྒར་པ་རང་དུ་འདོན་ཆོས་སྤྱོད་དང་། རྒྱན་འཇུག་ བསྡུས་གཞུང་། རྣམ་འགྲེལ་སོགས་བློ་འཛིན་དང་། དཔེ་ཁྲིད་དང་། སུམ་རྟགས། སྙན་ངག་སོགས་རིག་གནས་དང་བཅས་པ་གསན་བཞེས་མཛད། དགུང་ལོ་བཅུ་དགུའི་ཐོག་དཔྱིད་ཆོས་དང་པོའི་སྟེང་ཚོགས་ལངས་མཛད། དེ་སྐབས་རྒྱ་སོག་གི་དུས་ཟིང་གི་རྐྱེན་པས་དབུ་མཛོད་འདུལ་བ་སོགས་གསན་བཞེས་གནང་མ་ཐུབ། དགུང་ལོ་ཉི་ཤུར་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཀྱི་དྲུང་དུ་བསྟེན་པར་རྫོགས། རྗེ་དེ་དང་གྲུབ་དབང་འཇིགས་མེད་བསམ་གཏན། རྗེ་ཞྭ་དམར་རིན་པོ་ཆེ་རྣམས་ལས་ཆོས་བཀའ་རྒྱ་ཆེར་གསན། དགུང་ལོ་ཉེར་གཅིག་ལ་སྐུ་འབུམ་གྱི་རྒྱུད་གྲྭར་མཁན་པོའི་ཁྲིར་ལོ་གཅིག་བཞུགས། དགུང་ལོ་ཉེར་བཞི་ལ་སུམ་རྟགས་ཀྱི་མཆན་འགྲེལ་ངོ་མཚར་འཁྲུལ་གྱི་ལྡེ་མིག་བརྩམས།དགུང་ལོ་ཉེར་བདུན་ལ་སྐུ་འབུམ་གྱི་ཁྲིར་བཞུགས། དགུང་ལོ་སོ་བདུན་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གདན་ས་བྱ་ཁྱུང་དགོན་པའི་ཁྲི་ལབཞུགས། དགུང་ལོ་ང་དྲུག་སྐབས་ཟི་ན་སྐལ་བཟང་དར་རྒྱས་རྒྱ་མཚོའི་དྲུང་ནས་རྩིས་སྐར་ནག་དང་། དགའ་ལྡན་རྩིས་གསར་སོགས་རྩིས་རིག་གསན་བཞེས་མཛད། དགུང་ལོ་ང་དགུ་ལ་སྐུ་འབུམ་གྱི་གདན་རབས་ཕྱག་རྩོམ་མཛད། རྩོམ་པ་ཁྱད་དུ་འཕགས་པས་《དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་མངོན་པར་དྲངས་པའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ་》《བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་》《སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་སྐབས་སུ་ཉེ་བར་མཁོ་བའི་མཆོད་གཏོར་སོགས་ཀྱི་ལག་ལེན་ཐུར་དུ་བཀོལ་བ་ཀུན་གསལ་མེ་ལོང་》《གསང་ཆེན་རྡོ་རྗེ་ཐེག་པའི་ས་དང་ལམ་གྱི་རྣམ་པར་གཞག་པ་ཟུང་འཇུག་ཁང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས་》སོགས་བཀའ་རྩོམ་པོད་འབྲིང་བཅུ་ཙམ་མཛད། དགུང་ལོ་དོན་གཅིག་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་(༡༩༡༥)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་མདོ་སྨད་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་ཡབ་རྟ་མགྲིན་དང་ཡུམ་ཚེ་མདོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ༡༨༤༥ལོར་འཁྲུངས། དགུང་ལོ་གསུམ་ཙམ་ལ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་བློ་བཟང་རྒྱ་མཚོ་ཞེས་གསོལ། དགུང་ལོ་ལྔ་ལ་གསེར་ཏོག་དགོན་དགའ་ལྡན་འགྲོ་ཕན་གླིང་དུ་གདན་དྲངས། རྗེ་སྐལ་བཟང་རྒྱ་མཚོའི་དྲུང་ནས་ཕྱི་མོའི་ཡི་གེ་སུམ་ཅུ་དང་ཉེར་མཁོའི་ཀློག་འདོན་གསན་བཞེས་མཛད། དགུང་ལོ་བདུན་ལ་ཆུ་བཟང་རིན་པོ་ཆེན་བློ་བཟང་ཐུབ་བསྟན་རབ་རྒྱས་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་གནོས་ནས་མཚན་བློ་བཟང་ཚུལ་ཁྲིམས་ཆོས་གྲགས་ཞེ་བསྩལ། གདན་རབས་ཕྱག་རྩོམ་མཛད། རྩོམ་པ་ཁྱད་དུ་འཕགས་པསདགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་མངོན་པར་དྲངས་པའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ》 བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》 སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་སྐབས་སུ་ཉེ་བར་མཁོ་བའི་མཆོད་གཏོར་སོགས་ཀྱི་ལག་ལེན་ཟུར་དུ་བཀོལ་བ་ཀུན་གསལ་མེ་ལོང》 གསང་ཆེན་རྡོ་རྗེ་ཐེག་པའི་ས་དང་ལམ་གྱི་རྣམ་པར་གཞག་པ་ཟུར་འཇུག་ཁང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས》 སོགས་བཀའ་རྩོམ་པོད་འབྲིང་བཅུ་ཙམ་མཛད། དགུང་ལོ་དོན་གཅིག་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས (༡༩༡༥ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan