Skip to main content Skip to search
gser TaM las khungs
ID:
T246678
  • གསེར་ཊཾ་ལས་ཁུངས (Tibetan, Tibetan script, Original)
    • > gser TaM las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ser tam lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དེ་སྔོན་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། འདི་ཐོག་མར་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ༡༩༢༠ལོར་གསར་དུ་བཙུགས་ཤིང་། ལས་ཁུངས་ཚུགས་ཡུལ་ནོར་སྟོད་གླིང་ཁར་ཡིན། འདི་ཐོག་མར་ཚུགས་སྐབས་ཀྱི་དོན་དམ་མི་སྣར་ཚ་རོང་ཟླ་བཟང་དགྲ་འདུལ་དང་། རྩེ་མགྲོན་ཕུན་རབ་པ། ཟུར་ཁང་དབང་ཆེན་ཚེ་བརྟན་བཅས་བསྐོས་པ་དང་། ལས་བྱ་སེར་སྐྱ་ལྔ་ཙམ་ཡོད། ལས་ཁུངས་འདི་བཙུགས་རྗེས་གསེར་ཊཾ་བོད་སྲང་ཉི་ཤུ་བྱས་པ་པར་རྒྱག་འགྲེམས་སྤེལ་བྱས་ཤིང་། ད་དུང་སྣམ་བུ་དང་། ཀམ་པཱ་ལི་འཐག་ལས་དང་། འཚེམ་འཁོར་ནང་འདྲེན་གྱིས་འཚེམ་བུའི་ལས་སྣོན། གློག་ཁང་སྟབས་བདེ་འཛུགས་སྐྲུན་བཅས་བྱས་རྗེས་རིང་མིན་ལས་ཁུངས་ཁུ་བསྡུ་བྱས།

language:
Tibetan