Skip to main content Skip to search
gser ltar gyi cha tshad
ID:
T246682
  • གསེར་ལྟར་གྱི་ཆ་ཚད (Tibetan, Tibetan script, Original)
    • > gser ltar gyi cha tshad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ser tar gyi cha tsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

"གསེར་གྱི་ཆ་ཚད་"ཀྱང་ཟེར། དེ་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་གི་འཇར་མེན་གྱི་མཛེས་བཟོ་རིག་པ་མཁས་ཅན་ཁྲའེ་དབྱི་ཤིན་ (1810-1876) གྱིས་གསར་དུ་རྙེད་པའི་དབྱིབས་ཐུང་སྟེང་གི་ཐུང་མཐའ་དང་རིང་མཐའི་སྡུར་ཚད་a:b=b: (a+b) དེ་ཡིན། དེའི་aནི་དབྱིབས་ཐུང་གི་ཐུང་མཐའ་ཡིན་པ་དང་bནི་དབྱིབས་ཐུང་གི་རིང་མཐའ་ཡིན། ཁོ་པའི་ངོས་འཛིན་ལ་"སྡུར་ཚད་དེར་སྣ་མང་ཡིན་ལ་གཅིག་སྡུད་ཀྱང་ཡིན་པ་དང་། ལྗིད་ཚད་སྙོམ་ཞིང་ཧེ་བག་ཆེ་བའི་སྐྱོན་ཆ་མེད་པའི་མཛེས་ཚོར་གྱི་རི་འདུན་དང་མཐུན་ཤོས་ཀྱི་ཁྱད་ཆོས་ལྡན་ཡོད་"དེར་བརྟེན་སྒོ་དང་སྒེའུ་ཁུང་དང་པར་སྒྲོམ་དང་རྒྱལ་དར་སོགས་ཚང་མའི་ཞེང་དང་རིང་ཚད་ཀྱི་ཆ་ཚད་དུ་འཇོག་གི་ཡོད། དེ་རྗེས་ཝེ་ཐཱ་མེ་དང་་ཨན་ཇི་གཡའེ། སླ་ལོའོ་སོགས་ཀྱིས་ཚོད་ལྟ་བྱས་པ་བརྒྱུད་མི་མང་ཆེ་བས་ཆ་ཚད་དེར་དགའ་པོ་བྱེད་པ་མ་ཟད་མཛེས་ཚོར་གྱི་རེ་འདུན་དང་འཚམས་ཤོས་ཡིན་པའི་ངོས་འཛིན་བྱུང་བ་རེད།

language:
Tibetan