Skip to main content Skip to search
gser gdung 'dzam gling rgyan gcig
ID:
T246686
  • གསེར་གདུང་འཛམ་གླིང་རྒྱན་གཅིག (Tibetan, Tibetan script, Original)
    • > gser gdung 'dzam gling rgyan gcig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ser dung dzamling gyen chik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཏཱ་ལའི་བླ་མ་སྐུ་གདུང་རིལ་པོ་མ་ཉམས་པར་བཞུགས་པའི་གསེར་གདུང་ཡིན། གསེར་གདུང་ཕྱི་གཏུམས་གསེར་ལྷད་མེད་རྒྱ་ཐུར་གྱི་སྲང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་ལས་བཞེངས་པ་དང་། མཐོ་ཚད་ཐོག་སོ་གསུམ་ཡོད་ཅིང་། ཕྲ་རྒྱན་ལ་དུས་སྐབས་དེའི་བོད་དངུལ་སྲང་བརྒྱད་ཁྲི་སྟོང་མེད་བརྒྱ་དང་བཅུ་མེད་བཞིའི་རིན་ཐང་ལྡན་པ་དང་། འདིའི་བུམ་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དམར་གདུང་ཉམས་ཆགས་མེད་པར་བཞུགས། མཆོད་རྟེན་འདིའི་ནང་དུ་ལོ་རྒྱུས་ཁུངས་བཙན་ཡོད་པའི་ནང་རྟེན་ཁག་མང་པོ་ཡོད། གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་བཅས་གཟུངས་བཞུགས་སུ་ཕུལ། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་གཡས་གཡོན་གཉིས་ནས་རིམ་བཞིན་རྒྱ་དངུལ་ལས་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཡོད་ གཡས་དང་པོ། པད་སྤུངས་མཆོད་རྟེན། གཡས་གཉིས་པ། བཀྲ་ཤིས་སྒོ་མང་མཆོད་རྟེན། གཡས་གསུམ་པ། ལྷ་འབབ་མཆོད་རྟེན། གཡས་བཞི་པ། རྣམ་རྒྱལ་མཆོད་རྟེན་བཅས་དང་། གཡོན་ངོས་དང་པོ། བྱབ་ཆུབ་མཆོད་རྟེན། གཡོན་གཉིས་པ་ཆོ་འཕྲུལ་མཆོད་རྟེན། གཡོན་གསུམ་པ་དབྱེན་བསྡུམས་མཆོད་རྟེན། གཡོན་བཞི་པ་མྱང་འདས་མཆོད་རྟེན་བཅས་ཡོད་ཅིང་། གཡས་ངོས་ཀྱི་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་གསེར་གདུང་ཚེ་སྦྱིན་འོད་འབར། གཡོན་ངོས་ཀྱི་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་གསེར་གདུང་ཁམས་གསུམ་རྒྱན་མཆོག་བཅས་བཞུགས་ཡོད།

language:
Tibetan

2. Thupten Phuntsok Dictionary

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་གདུང་རིལ་པོ་མ་ཉམས་པར་བཞུགས་པའི་གསེར་གདུང་ཡིན། གསེར་གདུང་འདིའི་ཕྱི་གཏུམས་གསེར་ལྷད་མེད་རྒྱ་ཐུར་གྱི་སྲང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་ལས་བཞེངས་པ་དང་། མཐོ་ཚད་ཐོག་སོ་གསུམ་ཡོད་ཅིང་། ཕྲ་རྒྱན་ལ་དུས་སྐབས་དེའི་བོད་དངུལ་སྲང་བརྒྱད་ཁྲི་སྟོང་མེད་བརྒྱ་དང་བཅུ་མེད་བཞིའི་རིན་ཐང་ལྡན་པ་དང་། འདིའི་བུམ་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དམར་གདུང་ཉམས་ཆགས་མེད་པར་བཞུགས། མཆོད་རྟེན་འདིའི་ནང་དུ་ལོ་རྒྱུས་ཁུངས་བཙན་ཡོད་པའི་ནང་རྟེན་ཁག་མང་པོ་ཡོད། གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་བཅས་གཟུངས་བཞུགས་སུ་ཕུལ་ཡོད། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་གཡས་གཡོན་གཉིས་ནས་རིམ་བཞིན་རྒྱ་དངུལ་ལས་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཡོད། གཡས་དང་པོ། པད་སྤུངས་མཆོད་རྟེན། གཡས་གཉིས་པ། བཀྲ་ཤིས་སྒོ་མང་མཆོད་རྟེན། གཡས་གསུམ་པ། ལྷ་བབས་མཆོད་རྟེན། གཡས་བཞི་པ། རྣམ་རྒྱལ་མཆོད་རྟེནབཅས་དང་། གཡོན་ངོས་དང་པོ། བྱང་ཆུབ་མཆོད་རྟེན། གཡོན་གཉིས་པ་ཆོ་འཕྲུལ་མཆོད་རྟེན། གཡོན་གསུམ་པ། དབྱེན་བསྡུམས་མཆོད་རྟེན། གཡོན་བཞི་པ་མྱང་འདས་མཆོད་རྟེན་བཅས་ཡོད་ཅིང་། གཡས་ངོས་ཀྱི་མཐར་ཏཱ་ལའིམ་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་གསེར་གདུང་ཚེ་སྦྱིན་འོད་འབར། གཡོན་ངོས་ཀྱི་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་གསེར་གདུང་ཁམས་གསུམ་རྒྱན་མཆོག་བཅས་བཞུགས་ཡོད།

language:
Tibetan