- gso byed gnyen po stong dang rtsa gnyis
- ID:
- T246719
- གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས (Tibetan, Tibetan script, Original)
- > gso byed gnyen po stong dang rtsa gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > so jé nyenpo tong dang tsa nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་གསོ་བར་བྱེད་པའི་གཉེན་པོ་སྟོང་རྩ་གཉིས་ཀྱི་རྣམ་བཞག་ལ་སྔོན་བྱོན་མཁས་དབང་རྣམས་ཀྱིས་བཞེད་སྲོལ་མི་འདྲ་བ་མང་དུ་མཆིས་པས་དེ་དག་རྣམས་ཀྱི་ནང་ནས་མཁས་དབང་མཁྱེན་རབ་ནོར་བུས་མཛད་པའི་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྤྱི་དོན་སྡོམ་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་རིན་ཆེན་ལྡེའུ་མིག་ཅེས་པ་དེ་ཚིག་ཉུང་ཞིང་དོན་ཚང་བར་མཆིས་པས་འདིར་འགོད་པར་བྱ་སྟེ། དེ་ཉིད་ལས་ཇི་སྐད་དུ། གཉིས་པ་གསོ་བྱེད་ཀྱི་གཉེན་པོར་རྒྱས་བསྡུས་འབྲིང་གསུམ་སྟེ་རྒྱས་པར་དབྱེ་ན་ཞི་བྱེད་དང་པོ་ཐང་ལ་ཚ་སེལ་གྲང་སེལ་གཉིས་ལས། ཚ་སེལ་ལའང་བཞི་སྟེ་གནས་ཀྱི་ཚ་སེལ་བཅོ་བརྒྱད། རིགས་ཀྱི་ཚ་སེལ་བརྒྱད། ཁ་འཐོར་བཅུ་གཅིག ཆིག་ཐང་བཅུ་བདུན་བཅས་ཁྱོན་བཅུ་བཞི། གྲང་སེལ་ལ་གཉིས་ཏེ་སྦྱོར་བ་བཅུ་གཉིས་དང་། ཆིག་ཐང་བཅུ་གཅིག་བསྡོམས་པས་ཉེར་གསུམ་སྟེ་ཐང་སྦྱོར་ལ་ཁྱོན་བདུན་ཅུ་དོན་བདུན། ཞི་བྱེད་གཉིས་པ་ཕྱེ་མ་ལ་ཚ་སེལ་གྲང་སེལ་གཉིས། ཚ་སེལ་བཞི་སྟེ། ག་བུར་རྒྱལ་པོའི་སྦྱོར་བ་དང་། བློན་པོ་གུར་གུམ་གྱི་སྦྱོར་བ། རྗེའུ་གཙོ་བརྒྱད་ཀྱི་སྦྱོར་བ། སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བའོ། ག་བུར་རྒྱལ་པོ་ལ་སྦྱོར་སྡེ་བཅུ་གསུམ་ཡོད་པའི་དང་པོ་མི་རྒོད་ལྟ་བུར་གཅིག་པུར་རྐྱང་རྒྱུགས་སྦྱོར་བ་གཅིག གཉིས་པ་དཔའ་བོ་ལྟ་བུར་མཚོན་ཆ་བསྐུར་བ་ལ་སྦྱོར་བ་གཉིས། གསུམ་པ་བཙུན་མོ་ལྟ་བུར་འཇམ་བསྡེབས་བཙལ་བ་ལ་སྦྱོར་བ་བཞི། བཞི་པ་སྐྱེལ་མ་ལྟ་བུར་དགྲ་ཟུར་སྦྲགས་པའི་སྦྱོར་བ་གཅིག ལྔ་པ་དམག་དཔོན་ལྟ་བུ་འཁོར་གྱིས་བསྐོར་བའི་སྦྱོར་བ་གསུམ། དྲུག་པ་རྒྱལ་བུ་ལྟ་བུར་ཚོགས་སུ་འདོན་པའི་སྦྱོར་བ་གཉིས་ཏེ་ཁྱོན་བཅུ་གསུམ། བློན་པོ་གུར་གུམ་གྱི་སྦྱོར་བ་ལ། ཚ་བ་ཐ་མ་སེལ་བ་གུར་གུམ་བདུན་པའི་སྦྱོར་བ་བཅུ་བཞི། ཚ་བ་འབྲིང་སེལ་བར་དེ་སྟེང་ཙན་དན་བསྣན་པའི་ཙན་དན་བརྒྱད་པའི་སྦྱོར་བ་བཅུ་བཞི། ཚ་བ་རབ་སེལ་བར་དེ་སྟེང་ག་བུར་བསྣན་པའི་ག་བུར་དགུ་པའི་སྦྱོར་བ་བཅུ་བཞི། ཁྱོན་བཞི་ཅུ་ཞེ་གཉིས། རྗེའུའི་སྦྱོར་བ་གཙོ་བརྒྱད་ལ་ཁ་བསྒྱུར་ཏེ་བཅུ། སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་ལ་སུམ་ཅུ་སོ་གཅིག་སྟེ་ཁྱོན་ཚ་སེལ་གོ་དྲུག གྲང་སེལ་ལ་བཞི་སྟེ་རྒྱལ་པོ་སེ་འབྲུའི་སྦྱོར་བ་ལ། སེ་འབྲུ་གསུམ་པ་སོགས་བདུན། སེ་འབྲུ་བརྒྱད་པ་ཁ་བསྒྱུར་བཅུ་བཞི། ཅུར་ནིས་གཅིག་ཡང་སེ་འབྲུ་ཚ་བ་གསུམ་ལ་ཁ་བསྒྱུར་བའི་སེ་འབྲུ་བརྒྱད་པའི་སྦྱོར་བ་ལྔ། སེ་འབྲུ་དགུ་པ། བཅུ་པ། ཅུར་ནིས་ཏེ་ཁྱོན་སུམ་ཅུ། བློན་པོ་དྭ་ལིས་ཀྱི་སྦྱོར་བ་ལ། དྭ་ལིས་དྲུག་པ་གཅིག ཁ་བསྒྱུར་བདུན་པ་ལྔ། དྭ་ལིས་བརྒྱད་པ་དྲུག དྭ་ལིས་ཅུར་ནིས་ཏེ་བཅུ་བཞི། རྗེའུ་རྒོད་མ་ཁའི་སྦྱོར་བ་བདུན། སྣ་ཚོགས་ཁ་འཐོར་དམངས་ལ་སྦྱོར་བ་བཅོ་བརྒྱད། དེ་གྲང་སེལ་དེ་དགུ་བསྡོམས་པས་ཕྱེ་མ་ལ་བརྒྱ་དང་རེ་ལྔ། ཞི་བྱེད་གསུམ་ལ་རིལ་བུ་ལ་ཚ་སེལ་གཞན་དུ་ཁ་འཕངས་ཀྱི་སྒོ་ནས་གསུངས་པ་དང་། གྲང་སེལ་ཁྱུང་ལྔ་ལ་ཁ་བསྒྱུར་དང་དགུ ཁ་འཐོར་སྦྱོར་བ་བཅུ་གསུམ་སྟེ་ཉེར་གཉིས། ཞི་བྱེད་བཞི་པ་ལྡེ་གུ་ལ། ཚ་སེལ་བཅོ་ལྔ། གྲང་སེལ་ལྔ་སྟེ་ཁྱོན་ཉི་ཤུ། ཞི་བྱེད་ལྔ་པ་སྨན་མར་ལ། ཚ་སེལ་བཅུ་བཞི་གྲང་སེལ་དགུ་བཅས་ཉེར་གསུམ། ཞི་བྱེད་དྲུག་པ་ཐལ་སྨན་ལ། སྤྱིར་རྣོ་འཇམ་བར་མ་གསུམ། བྱེ་བྲག་ཅོང་ཞི་འཕྲུལ་ཐལ་ཆེ་འབྲིང་ཆུང་གསུམ། ཁ་འཐོར་བདུན་ཏེ་བཅུ་གསུམ། ཞི་བྱེད་བདུན་པ་ཁཎྜ་ལ་གྲང་སེལ་མ་གསུངས། ཚ་སེལ་འབའ་སམ་སོགས་གྲོགས་བསྡེབས་ཀྱི་སྦྱོར་བ་བདུན། བྲག་ཞུན་སོགས་ཁ་འཐོར་དགུ སྲིན་སྨན་མང་སྦྱོར་གཅིག་བཅས་བཅུ་བདུན། ཞི་བྱེད་བརྒྱད་པ་སྨན་ཆང་ལ་ཚ་གྲང་གི་དབྱེ་བ་མེད་ཀྱང་རླུང་ཚབས་སེལ་བ་སྦྲང་ཆང་སོགས་སྦྱོར་བ་དགུ་དང་། གྲང་རླུང་འཇོམས་པའི་ཟན་ཆང་སྦྱོར་བ་གཅིག་སྟེ་ཁྱོན་བཅུ་དགུ ཞི་བྱེད་དགུ་པ་རིན་པོ་ཆེ་ལ་གྲང་སེལ་ཚ་སྦྱོར་གཅིག ཚ་སེལ་གྲང་སྦྱོར་ཆིག་ཐུབ་བཅུ་གཅིག ཀུན་རྒྱུག་བརྒྱད་དེ་ཉི་ཤུ་དང་། གསོ་བྱེད་སྟོང་དང་རྩ་གཉིས་གྲས་སུ་མ་བགྲངས་པའི་སྐྱེ་རྒྱུན་གཅོད་པའི་སྦྱོར་བ་གཅིག་གོ །ཞི་བྱེད་བཅུ་པ་སྔོ་སྦྱོར་ལ་ཚ་སེལ་ཐུན་མོང་བ་གཅིག གཙོ་བོ་བཞི་ལ་ཁ་བསྒྱུར་སྔོ་སྦྱོར་བདུན་པའི་སྦྱོར་བ་ཉེར་བདུན་ཏེ་ཁྱོན་ཉེར་བརྒྱད། གྲང་སེལ་དབྱི་མོང་བཞི་པར་ཁ་བསྒྱུར་བའི་སྦྱོར་བ་བཅུ་གསུམ། ཀུན་འདུས་ཀྱི་སྦྱོར་བ་གཅིག་སྟེ་བཅུ་བཞི་ཁྱོན་ཞེ་གཉིས་རྣམས་བསྒྲིལ་བས་ཞི་བྱེད་སྨན་གྱི་སྦྱོར་བ་ལ་བཞི་བརྒྱ་དང་བཅོ་བརྒྱད། སྦྱོང་བྱེད་ལས་ལྔའི་དང་པོ་བཤལ་གྱི་སྨན་ལ་སྤྱི་བཤལ་དེད་དཔོན་བཞི་སྦྱོར་དང་བཅུ་སྦྱོར་གཉིས། དྲག་པོ་དེད་དཔོན་བཞི་སྦྱོར་ལ་ཁ་བསྒྱུར་སུམ་ཅུ། འཇམ་པོ་དེད་དཔོན་བཅུ་སྦྱོར་ལ་ཁ་བསྒྱུར་སུམ་ཅུ་སྟེ་རེ་གཉིས། གནད་ཀྱི་མན་ངག་བདུན། ཐོར་བུའི་ནད་ཀྱི་སྒོས་བཤལ་བཅུ་གསུམ་སྟེ་བཤལ་སྨན་བརྒྱད་ཅུ་རྩ་གཉིས། སྦྱོར་བྱེད་གཉིས་པ་སྐྱུགས་ཀྱི་སྨན་ལ་གཙོ་བོ་དྲུག་པར་ཁ་འཛིན་དང་བཅས་དྲག་པོ་རིལ་བུ་དང་། འཇམ་པོ་ཁུ་བར་བྱས་པ་བརྒྱད་དེ་ཁྱོན་བཅུ་དྲུག སྦྱོང་བྱེད་གསུམ་པ་སྣ་སྨན་ལ་ཞི་བྱེད་འཇམ་པོ་ལྔ་དང་། སྣ་སྦྱོང་དྲག་པོ་འགྲོན་བུ་དྲུག་པ་དང་། འཇམ་པོ་ས་འཛིན་ལྔ་པ་གཉིས་ཏེ་བདུན། སྦྱོང་བྱེད་བཞི་པ་འཇམ་རྩི་སླེ་འཇམ་སོགས་གཙོ་བོ་གསུམ་དང་། ཁ་བསྒྱུར་དྲུག་སྟེ་དགུ སྦྱོང་བྱེད་ལྔ་པ། ནི་རུ་ཧ་ལ་རྣོ་འཇམ་བར་མ་གསུམ་སྟེ་བར་མ་དུར་བྱིད་དྲུག་པ། ཁ་བསྒྱུར་དྲུག་དེ་སྟེང་རེ་ལྕག་བསྣན་པའི་རྣོན་པོ་དྲུག་འཇམ་པོ་གཅིག་བཅས་བཅུ་བཞི། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོང་ལ་བྱང་པ་བདུན་པ་དང་། རྒྱ་རུ་དགུ་པ་གཉིས་ཏེ་ཁྱོན་སྦྱོང་བྱེད་ཀུན་དྲིལ་བས་བརྒྱ་དང་སུམ་ཅུ། དཔྱད་ལ་འཇམ་རྩུབ་གཉིས་ལས་འཇམ་དཔྱད་དང་པོ་དུགས་ལ་བསིལ་དུགས་བཅུ་གཅིག དྲོད་དུགས་བཅུ་དགུ་སྟེ་ཁྱོན་སུམ་ཅུ། འཇམ་དཔྱད་གཉིས་པ་ལུམས་ལ་ཆུ་ལུམས་བཞི་དང་། བཅིངས་ལུམས་ལ་ཚ་གྲང་གཉིས་ལས་ཚ་སེལ་བརྒྱད་བཅས་བཅུ་གཉིས། གྲང་སེལ་བཅུ་གཉིས་ཏེ་ཁྱོན་ཉེར་བཞི། འཇམ་དཔྱད་གསུམ་པ་བྱུག་པ་ལ་ཚ་གྲང་མེད་ཅིང་། སྣུམ་བྱུག་བཅུ་བཞི་དང་། ལྡེ་གུའི་བྱུག་པ་བཅུ་བཞི་སྟེ་ཁྱོན་ཉི་ཤུ་རྩ་བརྒྱད་དེ་འཇམ་དཔྱད་བསྡོམས་བརྒྱད་ཅུ་རྩ་གཉིས། གཉིས་པ་རྩུབ་དཔྱད་དང་པོ་གཏར་གར་མགོ་ལ་གཏར་དམིགས་ཉེར་གཅིག ལག་པར་སོ་བཞི། རྐང་པར་བཅོ་བརྒྱད། སྦུབས་རྩ་བཞི་བཅས་དོན་བདུན། རྩུབ་དཔྱད་གཉིས་པ་མེ་དམིགས་ལ་རྒྱབ་གསང་ཉི་ཤུ། མདུན་གསང་ཉེར་གཉིས། མཛུབ་ཚུགས་ཀྱི་གསང་ཉེར་དགུ བསྡོམས་པས་བདུན་ཅུ་དོན་གཅིག དཔྱད་ལྔའི་ལོག་གནོན་ཐུར་མའི་གསང་ལ་སྙིང་གསང་བཅུ་གཅིག སྲོག་རྩའི་གསང་གཅིག གློ་སྙིང་མཆིན་གསང་ལྔ། གློ་གསང་ཉེར་གཉིས། མཆིན་དྲིའི་གསང་གཅིག མཆིན་མཆེར་གསང་བརྒྱད། མཁལ་གསང་ཉེར་གཅིག ཕོ་གསང་བཅུ་གཉིས། བུ་སྣོད་གསང་གཉིས། ལོང་གསང་ལྔ། རྒྱུ་གསང་བདུན། སྨད་ཀྱི་དབྱེ་གསང་གཉིས། འབྲས་སྐྲངས་གསང་གཅིག ཡན་ལག་ཚིགས་ཆེན་གསང་བཅུ་གཉིས་ཏེ་ཁྱོན་ཐུར་མའི་འཕང་ཡུལ་བརྒྱ་དང་བཅུ་སྟེ་རྩུབ་དཔྱད་བསྡོམས་ཉིས་བརྒྱ་དང་ང་བརྒྱད། ཟས་སྤྱོད་བཤད་རྒྱུད་ནས་བཤད་པའི་ཟས་དེ་ལ་ཡང་ཕན་ཟས་གཙོ་བོ་འབྲུའི་སྡེ་ཚན་བཅུ་གསུམ། ཤའི་སྡེ་ཚན་བཅོ་ལྔ། མར་སོགས་སྣུམ་གྱི་རིགས་བཅུ་གཉིས། སྔོ་ངད་སྡེ་ཚན་དྲུག འབྲས་ཐུག་སོགས་ཁ་འཐོར་ཉེར་དགུ བཏུང་བ་འོ་མ་སོགས་བཅུ་གཅིག ཆུ་རིགས་བཅུ། ཆང་ལྔ་སྟེ་ཕན་ཟས་ཁྱོན་བསྡོམས་བརྒྱ་དང་གཅིག ནད་པ་གསོ་བྱེད་ལ་དགོས་པ་གནས་སྐབས་ཀྱི་སྤྱོད་ལམ། བཀྲེས་པ། སྐོམ་པ། སྐྱུག་པ། གཡའ་བ། སྦྲིད་པ། དབུགས། གཉིད། ལུད་པ། བཤང་བ། ཕྱེན། གཅིན། ཁུ་བ་བཅས་བཅུ་གསུམ་སྟེ་ངེས་པར་སྟོང་དང་རྩ་གཉིས་འབྱུང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།
- language:
- Tibetan