- gso tshul dgu
- ID:
- T246722
- གསོ་ཚུལ་དགུ (Tibetan, Tibetan script, Original)
- > gso tshul dgu (Tibetan, Latin script, Transliteration-THL Extended Wylie Transliteration)
- > so tsul gu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་པས་ནད་གསོ་བའི་ཚུལ་མི་འདྲ་བ་ཁྱད་པར་ཅན་དགུ་ལ་དཔེ་དོན་སྦྱར་ནས་བཤད་པའི་བསྡུས་མིང་སྟེ། བཤད་པ་སྐུའི་རྒྱུད་ལས། ཁྱད་པར་གསོ་བའི་ཚུལ་ལ་རྣམ་པ་དགུ ༡ མ་རྟོགས་དོགས་བཅས་གདེངས་མ་ཐོབ་པའི་ནད། བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས། ༢ ངོས་ཟིན་ངེས་པར་རྙེད་ཅིང་གདེངས་ཐོབ་ན། སྤོ་ལ་དར་འཕྱར་ལྟ་བུར་དངོས་སུ་བཅོས། ༣ གཉེན་པོ་ཐོག་ཏུ་མི་འབབ་ནད་ལམ་གཟུང་། རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུར་བཅོས། སྔར་བཅོས་ནད་ལ་དམན་ལྷག་ལོག་པ་གསུམ། ༤ བརྟགས་ལ་སྐྱར་མོས་ཉ་ལེན་བཞིན་དུ་བཅོས། ༥ སྟོབས་ཆེན་ནད་ལ་སྨད་དཔྱད་ཟས་སྤྱོད་བཞིན། ལག་གཏོད་མི་ཤ་འཕྲང་འཕྲད་ལྟ་བུར་བཅོས། ༦ སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། སྐས་གདང་ལྟ་བུར་མས་འཛེགས་རིམ་པས་བཅོས། ༧ རྐྱང་པའི་ནད་ལ་དཔའ་བོས་དགྲ་འདུལ་བཞིན། དེ་གཞིལ་གཞན་ལ་གནོད་མེད་སྦྱོར་བས་བཅོས། ༨ ལྡན་འདུས་ནད་ལ་འདུ་བ་ཆ་སྙོམས་གཅེས། གཙོ་བོས་མདེ་ཤོར་འཁྲུགས་ཟླུམ་ལྟར་བུར་བཅོས། ༩ ཀུན་ལ་གནོད་བྱ་ལ་སོགས་ཆོས་བཅུར་སྦྱར། མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས། ཞེས་གསུངས་པ་ལྟར་རོ།
- language:
- Tibetan