Skip to main content Skip to search
gso yul nad rigs bzhi brgya rtsa bzhi
ID:
T246723
  • གསོ་ཡུལ་ནད་རིགས་བཞི་བརྒྱ་རྩ་བཞི (Tibetan, Tibetan script, Original)
    • > gso yul nad rigs bzhi brgya rtsa bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > so yul né rik shyigya tsa shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གསོ་ཡུལ་འབྲིང་པོའི་དབང་དུ་གསུངས་པའི་ཉེས་པའི་སྒོ་ནས་དབྱེ་བའི་ནད་རིགས་བརྒྱ་རྩ་གཅིག་དང་། གཙོ་བོའི་སྒོ་ནས་དབྱེ་བའི་ནད་རིགས་བརྒྱ་རྩ་གཅིག རིགས་ཀྱི་སྒོ་ནས་དབྱེ་བའི་ནད་རིགས་བརྒྱ་རྩ་གཅིག གནས་ཀྱི་སྒོ་ནས་དབྱེ་བའི་ནད་རིགས་བཞི་བརྒྱ་རྩ་བཞིའི་བསྡུས་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། གསོ་ཡུལ་ནད་རིགས་བཞི་བརྒྱ་རྩ་བཞིའི་གྲངས་འདྲེན་ནི། བཤད་རྒྱུད་དུ་བསྟན་པ་ལྟར་གྱི་ཉེས་པ་དང་། གཙོ་བོ། རིགས། གནས་བཅས་རེ་རེ་ལ་ཡོངས་གྲུབ་ཚེའི་ནད་སྦྱར་ནས་བརྒྱ་དང་ཉག་མ་རེ་བགྲང་བའི་གསོ་ཡུལ་འབྲིང་པོའི་དབང་དུ་བྱས་པའི་ནད་ཀྱི་རིགས་བཞི་བརྒྱ་རྩ་བཞི་ལ་གོ་དགོས་ཤིང་། སྐབས་འགར་བཞི་བརྒྱ་རྩ་བཞི་ཞེས་པ་གསོ་ཡུལ་བསྡུས་པའི་དབང་དུ་བྱས་པའི་ཉེས་པའི་སྒོ་ནས་དབྱེ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་ལ་གཞན་དབང་དང་། ཀུན་བརྟགས། ཡོངས་གྲུབ། ལྟར་སྣང་བཅས་སྦྱར་ནས་གྲངས་འདྲེན་པའང་མཆིས་པས་དེའི་སྐབས་ཀྱི་བཅོས་དགོས་བརྒྱ་རྩ་གཅིག་ནི། ཉེས་པའི་སྒོ་ནས་དབྱེ་བའི་ནད་རིགས་བརྒྱ་རྩ་གཅིག་ལ་ཡོངས་གྲུབ་ཚེའི་ནད་སྦྱར་ནས་བཤད་པ་ཡིན་པས་སྐབས་སོ་སོར་དབྱེ་ཤེས་པར་བྱའོ། །ཞེས་དང་། ཀོང་རོང་སྨན་བླ་དོན་གྲུབ་ཀྱིས་མཛད་པའི་རེག་ཟིག་ནེའུ་ལེའི་རྐྱལ་པའི་ཕྱི་རྒྱུད་ལྷན་ཐབས་རིན་པོ་ཆེའི་འཁོར་ལོ་ལས། གསོ་ཡུལ་ནད་ཀྱི་རྣམ་གྲངས་བཤད་རྒྱུད་ཀྱི། ཉེས་པ་གཙོ་བོ་རིགས་གནས་རྣམ་བཞི་ལ། གཞན་དབང་ཀུན་བརྟགས་ཡོངས་གྲུབ་ལྟར་སྣང་བཞི། སྦྱར་བས་དབྱེ་བ་ཆིག་སྟོང་དྲུག་བརྒྱ་དང་། བཅུ་དྲུག་འབྱུང་བའི་གཞན་དབང་སྔོན་ལས་ནད། གསོ་ཡུལ་ལས་འདས་བཞི་བརྒྱ་རྩ་བཞི་པོ། ཟུར་དུ་ཕྱུང་བའི་ལྷག་མ་ཆིག་སྟོང་དང་། ཉིས་བརྒྱ་བཅུ་གཉིས་ཚིགས་བཅད་ཤུགས་ལས་ཐོན། དེ་ཡི་ནང་ནས་ཀུན་བརྟགས་ལྟར་སྣང་ནད། བརྒྱད་བརྒྱ་བརྒྱད་པོ་ཟུར་དུ་བཞག་པའི་ལྷག ཡོངས་གྲུབ་ཚེ་ཡི་བཞི་བརྒྱ་རྩ་བཞི་པོ། འབྱུང་བས་འདི་སྐབས་གསོ་ཡུལ་འབྲིང་པོ་ཡིན། དེ་ལྟར་རྣམ་གྲངས་དུ་མར་ཕྱེ་ན་ཡང་། ཉེས་པ་གསུམ་དུ་འདུས་ཕྱེ་ན་ཡང་། དབྱེ་བ་བརྒྱད་དང་རྩ་གཅིག་ཡོངས་གྲུབ་སྦྱར་པ་ལྟར་དང་། གཞན་ཡང་འདིར་བརྒྱ་རྩ་གཅིག་དང་རྩ་བཞི་སྨོས་པ་དག་ནི་རིམ་བཞིན་བརྒྱའི་སྟེང་དུ་གཅིག་དང་བཞི་ཡོད་པའི་དོན་ཡིན་ཞིང་། འདིའི་སྐབས་ཀྱི་རྩ་ཞེས་པ་ནི་ཨང་གཟུགས་གཅིག་ནས་དགུ་བར་རིམ་བཞིན་གཟུགས་འགྱུར་ཡོད་ཅིང་དེའི་ཕན་ཆད་ཕན་ཚུན་འདྲེས་དགོས་པ་ལས་གཟུགས་འགྱུར་མེད་སྟབས་གཅིག་ནས་དགུ་བར་རྩ་བའི་གྲངས་ཞེས་སྔོན་གྱི་མཁས་པ་དག་གིས་བཞག་པ་ཡིན་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ཨང་གཟུགས་གཅིག་ནས་དགུའི་བར་དུ། འགྱུར་བས་དགུ་བར་རྩ་བའི་གྲངས། དེ་ཕན་ཐིག་ལེ་སོགས་འདྲེས་པས། ཡན་ལག་གྲངས་སུ་མཁས་པས་བཞག ཅེས་གསུངས་པ་འདི་ཡང་ཤེས་དགོས་པ་ཞིག་གོ།

language:
Tibetan