- gson gshin gyi ltad mo
- ID:
- T246753
- གསོན་གཤིན་གྱི་ལྟད་མོ (Tibetan, Tibetan script, Original)
- > gson gshin gyi ltad mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > sön shin gyi temo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསོན་ནི་སྲོག་གིས་འཚོ་བཞིན་པའི་མི་དང་གཤིན་ནི་འདས་ཟིན་པའི་མི་སྟེ། གསོན་པོ་རྣམས་བདེ་སྐྱིད་ཀྱི་འཚོ་བ་ལ་སྤྱོད་པ་དང་གཤིན་པོ་རྣམས་ངན་སོང་གི་འཇིགས་སྐྲག་ལས་ཐར་བར་ཤོག་ཅེས་པའི་དགེ་རྩའི་སྨོན་ལམ་འདེབས་པའི་ལོ་དུས་ཀྱི་འདུ་ཚོགས་ཤིག། དཔེར་ན་རྒྱལ་རྩེར་ལོ་ལྟར་བོད་ཟླ་ལྔ་པའི་ནང་མདའ་མང་ངམམདའ་དམག་ཟེར་བ་དོན་དངོས་རྒྱལ་རྩེ་དགེ་རྩ་ཆེན་མོ་ཞེས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་བཞེངས་དུས་མི་དང་དུད་འགྲོ་ལ་ངལ་དུབ་བྱུང་བའི་སྡིག་པ་དག་ཐབས་ཀྱི་ཆོས་ཀྱི་བྱ་བ་དེ་དུས་ཕྱིས་དུས་སྟོན་དུ་གྱུར་པ་འདྲ་བ་ཞིག་གོ།
- language:
- Tibetan
2. Thupten Phuntsok Dictionary
གསོན་ནི་སྲོག་གིས་འཚོ་བཞིན་པའི་མི་དང་གཤིན་ནི་འདས་ཟིན་པའི་མི་སྟེ། གསོན་པོ་རྣམས་བདེ་སྐྱིད་ཀྱི་འཚོ་བ་ལ་སྤྱོད་པ་དང་གཤིན་པོ་རྣམས་ངན་སོང་གི་འཇིགས་སྐྲག་ལས་ཐར་བར་ཤོག་ཅེས་པའི་དགེ་རྩའི་སྨོན་ལམ་འདེབས་པའི་ལོ་དུས་ཀྱི་འདུ་ཚོགས་ཤིག དཔེར་ན་རྒྱལ་རྩེར་ལོ་ལྟར་བོད་ཟླ་ལྔ་པའི་ནང་མདའ་མང་ངམ་མདའ་དམག་ཟེར་བ་དོན་དངོས་རྒྱལ་རྩེ་དགེ་རྩ་ཆེན་མོ་ཞེས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་བཞེངས་དུས་མི་དང་དུད་འགྲོ་ལ་ངལ་དུབ་བྱུང་བའི་སྡིག་པ་དག་ཐབས་ཀྱི་ཆོས་ཀྱི་བྱ་བ་དེ་དུས་ཕྱིས་དུས་སྟོན་དུ་གྱུར་པ་འདྲ་བ་ཞིག་གོ །
- language:
- Tibetan