Skip to main content Skip to search
gsor ldem pa
ID:
T246763
  • གསོར་ལྡེམ་པ (Tibetan, Tibetan script, Original)
    • > gsor ldem pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sor dempa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཁྲོན་པ་སོགས་ཀྱི་ཆུའི་ནང་དང་། རླན་གཤེར་ཆེ་བའི་སར་འཁྲུངས་ཤིང་ཡུལ་ཀུན་ཏུ་མེད་ས་མེད། སྐྱེ་ཚུལ་རྩ་བ་ཐུང་ལ་རྒྱུས་ཕྲན་དར་སྐུད་འདྲ་བ་ཁ་སྤུའི་ཚུལ་དུ་སྐྱེ་བ་དང་། ལོ་མ་ལྗང་འཇམ་མཐུག་ལ་མཐའ་སྒོར་རྩེ་གསུམ། དབྱིབས་སྦལ་ལག་འདྲ་བ། ཕྲ་ལ་ལྡེམ་པའི་ལོ་རྐང་རིང་པོ་ཡོད་པ། རིང་ཚད་སྨི་0.1~0.3ཙམ་ཟིན་པའི་ངར་པ་མཉེན་ལྡེམ་ཕན་ཚུན་སྦྲེལ་ནས་གྱེས་པ། ཆུའི་སྟེང་དང་ས་ངོས་ལས་ཆེར་མི་འཕགས་པ་། སྨན་དུ་སྦྱར་བྱ་ནི་ལོ་མ་སྟེ། ཟླ་6~9པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ནུས། རོ་མངར་བསྐ། ཞུ་རྗེས་བསིལ། ནུས་པས་མེས་ཚིག་པའི་རྨ་ལ་ཐེངས་ཆོག་ཡིན། རྨ་ཚད་སེལ།

language:
Tibetan