- bsam pa dngos len
- ID:
- T246799
- བསམ་པ་དངོས་ལེན (Tibetan, Tibetan script, Original)
- > bsam pa dngos len (Tibetan, Latin script, Transliteration-THL Extended Wylie Transliteration)
- > sampa ngö len (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིའི་གཤིས་ཀ་དང་བསམ་བློར་གནས་ཚུལ་གློ་བུར་བས་རྐྱེན་པས། སྐབས་རེ་གད་མོ་ཆེན་པོ་བགད་པ་དང་སྐབས་རེ་འཇིགས་སྐྲག་དང་ཁོང་ཁྲོ་ཆེན་པོ་བྱུང་བ། སྐབས་རེ་སེམས་སྡུག་གིས་མྱ་ངན་དང་དཔའ་ཞུམ་པ་སོགས་ཀྱི་སྣང་ཚུལ་དེ་རིགས་ནི་དམིགས་བསལ་གྱི་གནས་ཚུལ་ཞིག་ཡིན་པས། དེས་མི་ཞིག་གི་བསམ་པ་ངོ་མ་དེའི་ཚབ་བྱེད་མི་ཐུབ་ཅིང་། དྲག་ཆར་རླུང་འཚུབ་བྱུང་བ་ལྟར་གྱི་རྒྱུན་གཏན་མ་ཡིན་པའི་གནམ་གཤིས་དང་མཚུངས། དེར་བརྟེན་མི་སྣའི་གཟུགས་བརྙན་འབྲི་སྐབས་གོང་གསལ་ལས་ལྡོག་སྟེ། བྲི་བྱའི་མི་དེའི་བསམ་པ་དངོས་དེ་ལེན་ཐུབ་པ་བྱེད་རྒྱུ་ནི་གནད་ཀྱི་དམ་པའོ། །
- language:
- Tibetan