- bse dri lag pa
- ID:
- T246844
- བསེ་དྲི་ལག་པ (Tibetan, Tibetan script, Original)
- > bse dri lag pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > sé dri lakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དྲི་ལ་བལྟོས་ནས་བཏགས་པའི་མིང་ཅན་ནག་པོའི་མིང་གི་རྣམ་གྲངས་ཤིག་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་སྐྱེས་བུ་མིང་ཅན་ནག་པོའི་སྦྱོར་སྡེ་ལས། སྐྱེས་བུ་མིང་ཅན་ནག་པོ་ནི། འདི་སྟོད་ན་མི་སྐྱེ་སྨད་ན་སྐྱེ། རྩ་བ་ཟངས་ཁབ་དམར་པོ་འདྲ། བྱ་རྒོད་སྤུ་འདྲས་གྲིལ་ནས་ཡོད། ལོ་མ་མཐུག་ལ་མེ་ཏོག་སེར། དྲི་ནི་ཤིན་ཏུ་ཆེ་ལ་དུག བཅངས་ན་བདུད་རྩི་སྦྱིན་བག་ཅན། བསེ་དྲི་ལག་པ་ཞེས་ཀྱང་བྱ། སྐྲངས་འཇོམས་བགེགས་འདུལ་ཞེས་ཀྱང་བྱ། དུག་སེལ་སྤྱི་འཇོམས་ཞེས་ཀྱང་བྱ། ནད་བརྒྱ་སྨན་གཅིག་ཅེས་ཀྱང་བྱ། ཞེས་གསུངས་པ་ལྟར་རོ།།
- language:
- Tibetan