Skip to main content Skip to search
bsegs ldan snang cha
ID:
T246846
  • བསེགས་ལྡན་སྣང་ཆ (Tibetan, Tibetan script, Original)
    • > bsegs ldan snang cha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sekden nangcha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གྲུ་བཞིའི་དབྱིབས་ཀྱི་བསེགས་ངོས་ཀྱི་སྣང་ཆ་ཡང་ཟེར། དེ་ནི་སྣང་ཆ་རིག་པའི་གྲས་ཤིག་ཡིན། གྲུ་བཞིའི་དབྱིབས་ཀྱི་དངོས་པོར་བསེགས་ནས་གྱེན་དུ་བལྟས་པའམ། བསེགས་ནས་ཐུར་དུ་བལྟས་ནས་མཐོང་བའི་སྣང་ཆའི་རྣམ་པར་བསེགས་ལྡན་སྣང་ཆའི་རྣམ་པར་བསེགས་ལྡན་སྣང་ཆ་ཟེར། གྲུ་བཞིའི་བསེགས་ངོས་ནི་ངོས་སྙོམ་མཐའ་ཐིག་ཆ་གཅིག་དང་བསེགས་ཐིག་ཆ་གཅིག་ལས་གྲུབ་པ་ཞིག་ཡིན། དེའི་སྣང་ཆའི་ཁ་ཕྱོགས་ཀྱི་རྩ་ཐིག་དེ་ཆ་སྙོམ་པའི་གནས་བབས་ཡིན་པ་དང་། འགྱུར་ཐིག་གི་བསེགས་མཐའི་ངོས་དེ་བསེགས་བགྲོད་ངང་ནས་ས་ངོས་སུ་གནས་ཡོད། ཡང་དེའི་སྣང་ཆའི་ཁ་ཕྱོགས་ཀྱི་སྟེང་བསེགས་དེ་བསེགས་བགྲོད་ངང་ནས་གནམ་ཚགས་ངོས་སུ་གནས་ཡོད། བསེགས་ལྡན་འོ་མ་ས་ཚགས་ངོས་ལ་བསེགས་སུ་གནས་ཡོད། གནམ་ཚགས་དང་ས་ཚགས་ཀྱི་དངོས་ཡོད་གནས་བབས་ནི་བསེགས་མཐའི་འོག་ཤུལ་གྱི་ཐིག་གི་ཁ་ཕྱོགས་དང་བསེགས་མཐའི་བསེགས་ཚད་ལ་བརྟེན་ནས་གཏན་འཁེལ་དགོས། བསེགས་ལྡན་སྣང་ཆའི་རི་མོར་ཡལ་ཚགས་ཁག་གསུམ་ཡོད་པས་དེ་ཚོ་མང་ཆེ་བ་བསེགས་གྱེན་བལྟ་དང་བསེགས་ཐུར་བལྟའི་སྣང་ཆའི་ནང་དུ་གནས་ཡོད།

language:
Tibetan