Skip to main content Skip to search
bsod grags sprul sku rje dkon mchog rgya mtsho
ID:
T246852
  • བསོད་གྲགས་སྤྲུལ་སྐུ་རྗེ་དཀོན་མཆོག་རྒྱ་མཚོ (Tibetan, Tibetan script, Original)
    • > bsod grags sprul sku rje dkon mchog rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sö drak tulku jé könchok gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཁྲི་བསོད་ནམས་གྲགས་པའི་སྤྲུལ་སྐུ་རྗེ་དཀོན་མཆོག་རྒྱ་མཚོ་མཆོག་ནི་ཡབ་ངག་དབང་བཀྲ་ཤིས་དང་ཡུམ་ཨ་རིག་གཡས་ཆེན་བཟའ་སྐྱིད་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི༡༧༩༠ལོར་སྐུ་བལྟམས། དགུང་ལོ་ལྔའི་ཐོག་བཀྲ་ཤིས་འཁྱིལ་གྱི་གདན་སར་བཀོད། གཡག་ཤུལ་འདུལ་འཛིན་ཆོས་བཟང་དར་རྒྱས་ཀློག་གི་སློབ་དཔོན་དུ་བསྟེན། དགུང་ལོ་དྲུག་པ་ལ་གུང་ཐང་འཇམ་དཔལ་དབྱངས་ཀྱི་དྲུང་ནས་རབ་ཏུ་བྱུང་། དགུང་ལོ་བརྒྱད་དགུ་ནས་ཆོས་གྲྭ་འགྲིམ་རིང་ཞག་བཅུ་ཉི་ཤུ་ལ་རྩམ་པ་ཁ་ལ་སྦྱར་མ་མྱོང་བ་ཡོད་གསུངས། དགུང་ལོ་བཅུ་གཅིག་པར་ཆོས་གྲྭར་ཞུགས། ལོ་དེར་བསྡུས་གྲྭའི་ཚོགས་རྒྱུགས་ཕུལ། ཐོར་གོད་ཆོས་ལྡན་དགེ་རྒན་དུ་བསྟེན་ནས་བཀའ་པོད་ཡོངས་རྫོགས་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཧ་ཅང་བགྲེས་ན་སྐུས་ཐེགས་དཀའ་རྒྱུ་རེད་ཅེས་གསུངས་པ་ཞལ་གྱིས་བཞེས་པ་བཞིན་རེ་་བདུན་གྱི་དགུང་ལེགས་འཛུལ་བའི་ལོ་གཉིས་པ་རབ་བྱུང་བཅུ་བཞི་པའི་ས་རྟ༡༨༥༨ལོར་མཁའ་སྤྱོད་དག་པའི་ཞིང་ཁམས་སུ་རེ་ཞིག་གཤེགས་པའི་ཚུལ་བསྟན། ཐུགས་དམ་གྲོལ་རིང་ལ་རླུང་ཕྲ་མོ་ཙམ་ཡང་མི་རྒྱུ་བར་ནམ་མཁའ་གཡའ་དག་པ་སོགས་རྫོགས་རིམ་ནས་བཤད་ཚོད་ལྟར་གྱི་ཕྱི་རྟགས་མངོན་མཚན་ཅན་བྱུང་། ཐུགས་སྲས་ཤེས་རབ་རྒྱ་མཚོ་སོགས་མང་དུ་བྱོན།

language:
Tibetan