Skip to main content Skip to search
bsod nams mchog grub grags bzang
ID:
T246855
  • བསོད་ནམས་མཆོག་གྲུབ་གྲགས་བཟང (Tibetan, Tibetan script, Original)
    • > bsod nams mchog grub grags bzang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sönam chok drub drak zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ཉིད་ཤབ་དགེ་ལྡིངས་ཀྱི་སའི་ཆར་ཁུར་གྱི་རིགས་སུ་རབ་བྱུང་བདུན་པའི་ས་ཡོས༡༣༩༩ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་བཞེས་སྐབས་མཁན་ཆེན་གྲུབ་པ་ཤེས་རབ་དང་། སློབ་དཔོན་ཆོས་ལྡན་སྐལ་བ་བཟང་པོ་སོགས་ཀྱི་སྤྱན་སྔར་རབ་ཏུ་བྱུང་། མཚན་བསོད་ནམས་མཆོག་གྲུབ་གྲགས་བཟང་ཞེས་གསོལ། དགུང་ལོ་ཉི་ཤུ་པར་མཁན་ཆེན་གང་གི་དྲུང་ལས་བསྙེན་པར་རྫོགས། སློབ་དཔོན་གྲུབ་པ་ཤེས་རབ་དང་ཆོས་ལྡན་སྐལ་བ་བཟང་པོ་གཉིས་ལས་བཀའ་གདམས་ཀྱི་ཆོས་རྣམས་གསན། དཀའ་བཅུ་པ་དར་བཟང་དང་། གྲུབ་ཆེན་བསོད་བློ་བ། སྣར་ཐང་པ་ཤེས་རབ་སེང་གེ། རྗེ་ཙོང་ཁ་པ་ཆེན་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་ཆོས་རྗེ། སྤྱན་སྔ་ཉེར་གཉིས་རིན་པོ་ཆེ། གཙང་པ་བློ་བཟང་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོའི་ཞབས་ལ་གཏུགས་ནས་མདོ་རྒྱུད་ཀྱི་རིག་གནས་འབྱམས་ཀླས་པ་ཐུགས་སུ་ཆུད། ས་ཁྱི༡༤༡༨ལོ་ནས་ཆུ་གླང༡༤༣༣ལོའི་བར་སྣང་ཐང་གདན་ས་ལོ་བཅུ་དྲུག་བསྐྱངས། དེ་ནས་དབུས་སུ་བྱོན་ཏེ་དཔལ་ཕག་མོ་གྲུ་པའི་ཆོས་སྒོའི་གོ་སར་བཞུགས། གོང་མ་ཕག་གྲུའི་བླ་མ་མཛད། ཆོས་རྗེ་ནམ་མཁའ་བློ་གྲོས་དང་། ཆོས་རྗེ་དོན་གྲུབ་དཔལ།ཆོས་རྗེ་ལོ་ཆེན་འདུས་པ་བ། ཆོས་རྗེ་དགེ་འཕེལ་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་འདུས། བསྟན་བཅོས་ཀྱི་ཕྱག་རྩོམ་ཇི་སྙེད་མཛད། མཐར་དགུང་ལོ་ལྔ་བཅུ་ང་བཞི་བཞེས་པ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ༡༤༥༢ལོར་སྐུ་གཤེགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ 1399 ལོར་ཤབ་དགེ་ལྡིངས་ཀྱི་སའི་ཆར་ཞུར་གྱི་རིགས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1452 ལོར་སྐུ་གཤེགས། ཁོང་གཞོན་ནུ་དུས་ནས་མཁན་ཆེན་གྲུབ་པ་ཤེས་རབ་དང་། སློབ་དཔོན་ཆོས་ལྡན་སྐལ་བ་བཟང་པོ་སོགས་དང་དད་པའི་དགེ་འདུན་གྲངས་ཚང་བའི་སྤྱན་སྔར་རབ་ཏུ་བྱུང་། མཚན་ལ་བསོད་ནམས་མཆོག་གྲུབ་གྲགས་བཟང་ཞེས་གསོལ། དགུང་ལོ་ཉི་ཤུ་པར་མཁན་ཆེན་[1826]གྲུབ་པ་ཤེས་རབ་དང་། དད་པའི་དགེ་འདུན་ཉི་ཤུ་རྩ་ལྔའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། མཁན་ཆེན་གོང་མ་གཉིས་ལས་བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། གཞན་ཡང་དཀའ་བཅུ་པ་དར་བཟང་དང་། གྲུབ་ཆེན་བསོད་བློ་བ། སྣར་ཐང་པ་རྗེ་ཤེས་རབ་སེང་གེ རྗེ་ཙོང་ཁ་པ་ཆེན་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་ཆོས་རྗེ། སྤྱན་སྔ་ཉེར་གཉིས་རིན་པོ་ཆེ། གཙང་པ་བློ་བཟང་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་དུ་བསྟེན་ནས་མདོ་རྒྱུད་ཀུན་ལ་མ་མཁྱེན་པ་མེད་པར་ནང་བྱན་ཚུད། ལོ་ངོ་བཅུ་དྲུག་རིང་དུ་སྣར་ཐང་གི་གདན་ས་བསྐྱངས། དེ་ནས་དབུས་སུ་བྱོན་ཏེ་དཔལ་ཕག་མོ་གྲུབ་པའི་ཆོས་སྒོའི་གོ་སར་བཞུགས། གོང་མ་ཕག་གྲུའི་བླ་མ་མཛད། བསྟན་བཅོས་ཀྱི་རྩོམ་པའང་མང་དུ་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་ནམ་མཁའ་བློ་གྲོས་དང་། ཆོས་རྗེ་དོན་གྲུབ་དཔལ། ཆོས་རྗེ་ལོ་ཆེན། ཆོས་ཆེ་འདུས་པ་བ། ཆོས་རྗེ་དགེ་འཕེལ་བཅས་ཡིན། །ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་བཅོ་ལྔ་པ་ཡིན། །

language:
Tibetan