- bswe dgon pa
- ID:
- T246859
- བསྭེ་དགོན་པ (Tibetan, Tibetan script, Original)
- > bswe dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > sé gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་དང་བསྭེ་སྒར་ཞེས་ཀྱང་གྲགས། རབ་བྱུང་བཅུ་བའི་མེ་འབྲུག་སྤྱི་ལོ༡༦༡༧ལོར་བློན་མགར་གྱི་གདུང་རྒྱུད་དུ་གྲགས་པའི་བསྭེ་དབོན་ཡོན་ཏན་ལྷུན་འགྲུབ་ཀྱིས་རྗེ་བཙུན་ཆེན་པོའི་ཞལ་མཇལ་ནས་རྔ་བའི་གུར་ནང་ (ད་ལྟ་གོར་བ་ཟེར་ལ་གནས་དེར་བཻ་རོས་ཞབས་ཀྱིས་བཅག་མྱོང་བར་བཤད) ཇོ་ནང་བའི་ཆོས་སྡེ་ཞིག་གསར་དུ་བཏབས། རྗེས་སུ་རྨེའུ་རྒྱལ་ལྕགས་ཐར་འབུམ་གྱི་དུས་སུ། མཁར་སྤྲུལ་དང་པོ་ཀུན་དགའ་དར་རྒྱས་མཆོག་གིས་བདག་སྐྱོང་གནང་བའི་རྔ་བ་བུ་ནང་དུ་སོག་དགོན་ཞིག་ཡོད་པ་དེ་གཉིས་གཅིག་བསྡུ་བྱས་ཏེ་ཡུལ་བཀྲ་ཤིས་མེ་ལོང་ཐང་ཞེས་པར་གནས་སྤོས་ཤིང་། བསྭེ་དགོན་ཐུབ་བསྟན ་ཕྱོགས་ལས་རྣམ་རྒྱལ་ངེས་དོན་དགའ་བའི་ཚལ་ཞེས་ཡོངས་སུ་གྲགས་པའི་མཚན་དེ་གསོལ། གྲུབ་མཐའ་ཇོ་ནང་བ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང ་ཁོངས་སུ་ཡོད།
- language:
- Tibetan