- bslab pa bca' ba'i phan yon bcu
- ID:
- T246874
- བསླབ་པ་བཅའ་བའི་ཕན་ཡོན་བཅུ (Tibetan, Tibetan script, Original)
- > bslab pa bca' ba'i phan yon bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > labpa chawé penyön chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
༡ དགེ་འདུན་བསྡུ་བའི་ཕྱིར་ ༢ དགེ་འདུན་ལེགས་པར་བྱ་བའི་ཕྱིར། ༣ དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར། ༤གནོང་མི་བཀུར་བའི་གང་ཟག་རྣམས་ཚར་བཅད་པའི་ཕྱིར། ༥ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ ༦མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར། ༧མངོན་པར་དད་པར་རྣམས་མངོན་པར་དད་པར་བྱ་བའི་ཕྱིར། ༨མཐོང་བའི་ཆོས་ཀྱིས་ཟག་པ་རྣམས་གདམ་པའི་ཕྱིར། ༩ཚེ་རབས་ཕྱི་མ་རྣམས་ཆུ་ལོན་གྱི་བཟློས་པའི་ཕྱིར། ༡༠ངའི་ཚངས་པར་སྤྱོད་པ་ལ་ཡུན་རིང་དུ་གནས་པར་འགྱུར།
- language:
- Tibetan
2. Thupten Phuntsok Dictionary
༡ དགེ་འདུན་བསྡུ་བའི་ཕྱིར། ༢ དགེ་འདུན་ལེགས་པར་བྱ་བའི་ཕྱིར། ༣ དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར། ༤ གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར། ༥ ངོ་ཚ་ཤེས་པ་རྣམས་བདེ་བར་བྱ་བའི་ཕྱིར། ༦ མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར། ༧ མངོན་པར་དད་པ་རྣམས་ཕྱིར་འཕེལ་བར་བྱ་བའི་ཕྱིར། ༨ མཐོང་བའི་ཆོས་ཀྱིས་ཟག་པ་རྣམས་གདམ་པའི་ཕྱིར། ༩ ཚེ་རབས་ཕྱི་མ་རྣམས་ཆུ་ལོན་གྱི་བཟློས་པའི་ཕྱིར། ༡༠ ངའི་ཚངས་པར་སྤྱོད་པ་ལ་ཡུན་རིང་དུ་གནས་པར་འགྱུར།
- language:
- Tibetan