Skip to main content Skip to search
bslab pa phul nyams
ID:
T246876
  • བསླབ་པ་ཕུལ་ཉམས (Tibetan, Tibetan script, Original)
    • > bslab pa phul nyams (Tibetan, Latin script, Transliteration-THL Extended Wylie Transliteration)
    • > labpa pul nyam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བསླབ་པ་ཕུལ་ཞེས་པ་ནི། སྤྱིར་བཏང་རང་རང་ལ་རང་དབང་བྱུང་ན་རང་གི་སྲོག་ལ་ཐུག་ཀྱང་བསླབ་པ་མ་ཉམས་པར་བྱེད་དགོས་ཤིང་། གལ་ཏེ་དེ་ལྟར་མི་ནུས་པར་གཞན་དབང་གིས་བསླབ་པ་ཉམས་པའི་རྐྱེན་བྱུང་བའམ་ཉམས་པར་དོགས་པའི་ཚེ། མ་ཉམས་གོང་དུ་རང་གི་བསླབ་པའམ་སྡོམ་པ་དར་ཕུལ་དགོས། དེ་མ་ཕུལ་བར་ཚུལ་ཁྲིམས་ཉམས་ན་སྡིག་པ་ཤིན་ཏུ་ལྕི་ཞིང་། རྗེས་སུ་སྡོམ་པ་བསྐྱར་དུ་ལེན་ནའང་སྡོམ་པ་དེ་མི་སྐྱེ་ལ། ཕུལ་ན་ཉམས་པའི་ཉེས་པ་མི་འབྱུང་བར་མ་ཟད། རྗེས་སུ་སྡོམ་པ་བསྐྱར་དུ་ལེན་ནའང་སྡོམ་པ་དེ་མི་སྐྱེ་བས་དེ་འདྲའི་རྐྱེན་བྱུང་སྐབས་དགག་བྱ་ལས་དགོས་པའི་ཆེ་བའི་གནས་ཀྱིས་སྡོམ་པ་མ་ཕུལ་བར་ཉམས་པ་དང་སྡོམ་པ་ཕུལ་ཟིན་པའི་རྗེས་སུ་ཉམས་པ་གཉིས་ཡོད།

language:
Tibetan

2. Thupten Phuntsok Dictionary

བསླབ་ཕུལ་ཞེས་པ་ནི། སྤྱིར་བཏང་རང་ལ་རང་དབང་བྱུང་ན་རང་གི་སྲོག་ལ་ཐུག་ཀྱང་བསླབ་པ་མ་ཉམས་པར་བྱེད་དགོས་ཤིང་། གལ་ཏེ་དེ་ལྟར་མི་ནུས་པར་གཞན་དབང་གིས་བསླབ་པ་ཉམས་པའི་རྐྱེན་བྱུང་བའམ་ཉམས་པར་དོགས་པའི་ཚེ། མ་ཉམས་གོང་དུ་རང་གི་བསླབ་པའམ་སྡོམ་པ་དེ་ཕུལ་དགོས། དེ་མ་ཕུལ་བར་ཚུལ་ཁྲིམས་ཉམས་ན་སྡིག་པ་ཤིན་ཏུ་ལྕི་ཞིང་། རྗེས་སུ་སྡོམ་པ་བསྐྱར་དུ་ལེན་ནའང་སྡོམ་པ་མི་སྐྱེ་ལ། ཕུལ་ན་ཉམས་པའི་ཉེས་པ་མི་འབྱུང་བར་མ་ཟད། རྗེས་སུ་སྡོམ་པ་བསྐྱར་དུ་ལེན་ནའང་སྡོམ་པ་མི་སྐྱེ་བས་དེ་འདྲའི་རྐྱེན་བྱུང་སྐབས་དགག་བྱ་ལས་དགོས་པ་ཆེ་བའི་གནད་ཀྱིས་སྡོམ་པ་ངེས་པར་དུ་ཕུལ་དགོས། བསླབ་པ་ཉམས་པ་ནི་སྡོམ་པ་མ་ཕུལ་བར་ཉམས་པ་དང་སྡོམ་པ་ཕུལ་ཟིན་པའི་རྗེས་སུ་ཉམས་པ་གཉིས་ཡོད།

language:
Tibetan