Skip to main content Skip to search
ha ri tra sha
ID:
T246915
  • ཧ་རི་ཏྲ་ཤ (Tibetan, Tibetan script, Original)
    • > ha ri tra sha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > hari tra sha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལེགས་སྦྱར་སྐད་དུ། ཧཱ་རཱི་ཏ། དེ་ཟུར་ཆག་པ་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན་འཕྲོག་འགྲོ་ཞེས་འགྱུར་བས། ངོས་འཛིན་ཐད་མཁས་པས་བཞེད་སྲོལ་མི་འདྲ་བ་མཆིས་པས་ཕྱོགས་བསྡུས་སུ་བཀོད་ན། ཟླ་ཟེར་ལས། བྱ་ཧ་རི་ཏ་ཡི་ཤ ཞེས་གསུངས་པ་དང་། སྐྱོགས་ལོས། བྱ་རིགས་མདོག་ལྗང་གུ་ཞིག་ཡོད་ཀྱང་། བྱ་དེ་འཕགས་ཡུལ་ལས་བོད་ལ་མེད་པས་དེ་དང་ཆ་མཐུན་ཙམ་ནེ་ཙོའོ། །ཞེས་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་ལས། བྱ་ལྗང་བུ་ཞིག་ཡོད་པར་སྐྱོགས་ལོ་དང་མཐུན་པར་གསུངས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་བ་བཻ་སྔོན་ལས། ཧ་རི་ནི་སེང་གེའི་སྐད་དོད་ཡིན་པས་སེང་གེའི་ཤ་ཡིན་པར་གསུངས། ཀུན་མཁྱེན་ཆོས་འབྱུང་གིས་མཛད་པའི་འཆི་མེད་མཛོད་འགྲེལ་ལས། ཧཱ་རཱི་ཏ། འཕྲོག་བྱེད་འགྲོ་སྟེ། ཧཱ་རཱི་ཏ་ན་ཞེས་གྲགས་པའི་བྱ་ཁ་དོག་ལྗང་གུ་ཡིད་འཕྲོག་པར་བྱེད་པ་ཞིག་གོ །གསོ་དཔྱད་ཀྱི་གཞུང་དུ་མི་འཕྲོད་པའི་ཟས་ཀྱི་སྐབས། སྐྱེར་པའི་མེ་ལ་ཧ་རི་ཏྲ་ཤ་བསྲེགས། ཞེས་འབྱུང་བས་བྱ་དེའི་ཤ་ལ་ཟེར་གྱི་བཤད་པ་གཞན་རྣམ་པར་འཁྱམས་པའོ། ཞེས་གསུངས་པ་དང་། སྔ་རབས་པ་འགའ་ཞིག་གིས་རི་བོང་དང་། བྱ་སྲེག་པ་ལ་འདོད་པའང་སྣང་བས་དཔྱད་པར་བྱའོ། །

language:
Tibetan