Skip to main content Skip to search
hang ti
ID:
T246929
  • ཧང་ཏི (Tibetan, Tibetan script, Original)
    • > hang ti (Tibetan, Latin script, Transliteration-THL Extended Wylie Transliteration)
    • > hang ti (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སོག་པོ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《རྒྱ་ནག་ཆོས་འབྱུང་》གི་ཤོག་གྲངས་༤པར་ཧང་ཏི་ཟེར་བའི་ཧང་(皇)ནི་བོད་སྐད་དུ་བསྒྱུར་ན། ལེགས་པ། ཆེན་པོ། བདག་པོ། མགོན་སྐྱབས་བཅས་ཀྱི་དོན་ཡིན་པ་དང་། ཏི་(帝)ནི་དབང་དུ་བསྡུ་བ་དང་བདུད་པའི་དོན་ཡིན་པས། རྗེས་སུ་གོང་མ་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་རྗེས་སྔོན་དུ་བྱུང་ཟིན་པའི་རྒྱལ་པོ་ཧང་གསུམ་དང། ཏི་ལྔ་ལས་ཀྱང་རང་ཉིད་ཡོན་ཏན་ཆེ་བར་རློམ་པའི་ང་རྒྱལ་སྐྱེས་ཏེ་ཡོན་ཏན་ཧང་གསུམ་དང་མཉམ་ཞིང། བྱས་རྗེས་ཏི་ལྔ་ལས་ཀྱང་ལྷག་པ་ཡིན་པར་མཚོར་ཕྱིར་། ཧང་དང་ཏི་མིང་གཉིས་མཉམ་དུ་གཤིབས་ནས་བཏགས་པ་དེ་ནས་བཟུང་རྒྱལ་པོ་རིམ་བྱུང་ཚང་མར་ཧང་ཏི་ཞེས་པའི་མིང་ཆགས་པ་ཡིན་ཞེས་བཤད་སྲོལ་ཡོད།

language:
Tibetan

2. Thupten Phuntsok Dictionary

སོག་པོ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའིརྒྱ་ནག་ཆོས་འབྱུང》གི་ཤོག་གྲངས༤པར་ཧང་ཏི་ཟེར་བའི་ཧང་ནི་བོད་སྐད་དུ་བསྒྱུར་ན། ལེགས་པ། ཆེན་པོ། བདག་པོ། མགོན་སྐྱབས་བཅས་ཀྱི་དོན་ཡིན་པ་དང་། ཏི་ནི་དབང་དུ་བསྡུ་བ་དང་བདུད་པའི་དོན་ཡིན་པས། རྗེས་སུ་གོང་མ་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས། རྗེས་སྔོན་དུ་བྱུང་ཟིན་པའི་རྒྱལ་པོ་ཧང་གསུམ་དང་། ཏི་ལྔ་ལས་ཀྱང་རང་ཉིད་ཡོན་ཏན་ཆེ་བར་རློམ་པའི་ང་རྒྱལ་སྐྱེས་ཏེ་ཡོན་ཏན་ཧང་གསུམ་དང་མཉམ་ཞིང་། བྱས་རྗེས་ཏི་ལྔ་ལས་ཀྱང་ལྷག་པ་ཡིན་པར་མཚོན་ཕྱིར། ཧང་དང་ཏི་མིང་གཉིས་མཉམ་དུ་གཤིབས་ནས་བཏགས་པ་དེ་ནས་བཟུང་རྒྱལ་པོ་རིམ་བྱུང་ཚང་མར་ཧང་ཏི་ཞེས་པའི་མིང་ཆགས་པ་ཡིན་ཞེས་བཤད་སྲོལ་ཡོད།

language:
Tibetan