Skip to main content Skip to search
har bsregs
ID:
T246958
  • ཧར་བསྲེགས (Tibetan, Tibetan script, Original)
    • > har bsregs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > har sek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དུང་དང་མགྲོན་བུ་ལྟ་བུ་སོལ་མེའི་ནང་རྗེན་པར་བཞག་ནས་བསྲེགས་པ་ལ་ཟེར་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། དུང་མགྲོན་ཤ་རུ་དུར་ཐོད་རྣམ་བཞི་དང་། རྣག་ཁྲག་སྐེམ་པའི་འདེབས་སྨན་བསྲེག་དགོས་རྣམས། ཧར་བསྲེགས་དུ་བ་ཡལ་བའི་དཀར་སང་གཅེས། གོང་མ་བཞི་པོ་ཞབས་རྡོལ་རྫ་མའི་ནང་། སོལ་བས་བཀང་བའི་དབུས་བཅུག་རྫས་མ་དེ། སྒྱེད་བུའི་ཁར་བཙུགས་རླུང་གདོང་འབར་རིམ་བཞིན། སོལ་བ་ཁ་གསབ་གཏིང་ནས་འཚོས་པར་བསྲེགས། མ་འཚིག་སྔོ་དང་ནག་པོ་ཏིལ་འབྲུ་ཙམ། བཅག་ལ་བརྟགས་ནས་གང་འདུག་དོར་བར་བྱ། དུང་ཐོད་གཉིས་པོ་ཚད་པར་གཏོང་དགོས་རྣམས། བསྲེག་པར་མི་བྱ་མ་གཏོགས་ཐལ་བ་དགོས། ཞེས་གསུངས་པ་ལྟར་རོ།

language:
Tibetan